བལ་ཡུལ་ནས་བོད་བར་ཞི་བའི་གོམ་བགྲོད།
2008.06.27
༄༅༎དགེ་འདུན་པ་བཅོ་ལྔ་དང་བཙུན་མ་བཅུ་བདུན་ མི་སྐྱ་གཉིས་བཅས་ལས་གྲུབ་པའི་གོམ་བགྲོད་པ་ཁྱོན་མི་གྲངས་ཞི་བཅུ་ཞེ་གཉིས་རྣམས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ནས་རྒྱང་ཐག་ཀོ་ལོ་མི་ཊར་ཉི་ཤུ་ཙམ་ཡོད་སའི་སན་ཀུ་ཞེས་རྡོ་རྗེ་ཕག་མོའི་གནས་ ས་རུ་ ཞེས་པར་ངལ་གསོ་ཕྲན་བུ་བསྐྱོད་ཡོད་པ་དང༌། བལ་ཡུལ་ནང་བོད་ནང་གོམ་བགྲོད་དུ་ཕེབས་མཁན་ཚོའི་ཐོག་མའི་འཆར་གཞིར་བོད་ཀྱི་མཉའ་ལམ་ས་མཚམས་བརྒྱུད་ནས་བོད་ནང་འཛུལ་རྒྱུ་བྱས་ཡོད་ན་ཡང༌། དེའི་བརྒྱུད་འཆར་ཞོད་ཆེ་བ་དང་ ལམ་ཁ་ཉེན་ཚབས་ཆེ་བ་སོགས་ཀྱིས་ རྒྱ་མིའི་མཐའ་སྲུང་དམག་དཔུང་ཤུགས་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་ཏ་ཏོ་པ་ནི་ དང་འགྲམ་ས་མཚམས་བརྒྱུད་ཕེབས་རྒྱུ་ཡིན་འདུག གོམ་བགྲོད་པ་རྣམས་བོད་ཀྱི་ས་མཚམས་སུ་ཕེབས་པར་ཀི་ལོ་མི་ཊར་༦༥ཙམ་ཡོད་ཅིང༌། ད་ཆ་ཁོང་རྣམས་བལ་ཡུལ་གྱི་ཉེན་རྟོག་པས་འཇུ་བཟུང་བྱ་རྒྱུ་ལས་གཡོལ་ཐབས་ཆེད་རི་ཁུག་སོགས་ལམ་ཁ་ཁུག་སྐྱོག་བརྒྱུད་ནས་གོམ་བགྲོད་གནང་བཞིན་ཡིན་པ་དང༌། ས་གནས་ཉེན་རྟོག་པ་སོགས་ཀྱི་བཀག་འགོག་དང་རྙོག་དྲ་རིགས་མ་བཤད་ཚེ་ཉིན་གཉིས་ནང་ཚུད་བོད་ཀྱི་ས་མཚམས་སུ་འཛུལ་ཐུབ་རྒྱུའི་རེ་བ་ཡོད་པ་རེད། གོང་ཞུས་བལ་ཡུལ་ནས་བོད་བར་ཞི་བའི་གོམ་བགྲོད་དེ་བཞིན་ཚོགས་པ་སྐྱིད་སྡུག་སུས་ཀྱང་གོ་སྒྲིགས་མེད་པའི་ཐོག་ནས་རང་སོ་སོ་དང་བླངས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་བལྟ་རྒྱུའི་ཆེད་དུ་སྤེལ་བའི་ལས་འགུལ་ཞིག་ཡིན་པ་རེད།