བོད་དོན་ཚོགས་ཆེན་ལ་ཞུཊ་རྐྱེན་ཚོགས་པ་ནས་གནས་སྐབས་གནས་དབྱུང་བཏང་འདུག


2019.06.26
བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Pradip Yadav)་དང་( Iqabal Miya)་གཉིས། བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Pradip Yadav)་དང་( Iqabal Miya)་གཉིས།
དྲ་བཤུས། tibetanreview.net

བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཞིག་རི་གྷར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་པར་བརྟེན་ཆབ་སྲིད་ཚོགས་པ་ནས་གནས་སྐབས་གནས་དབྱུང་བཏང་འདུག
བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ པརཱ་དྷིཔ་ཡ་དྷཝ་(Pradip Yadav)ལགས་ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་ལཏ་ཝི་ཡ་(Latvia)ཡུལ་གྱི་རྒྱལ་ས་རི་གྷ་(Riga)ནང་བསྐོངས་ཚོགས་གནང་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཕེབས་པར་བརྟེན། ཁོང་བལ་ཡུལ་གྱི་སམཱཇ་ཝ་དྷི་(Samajbadi)ཆབ་སྲིད་ཚོགས་པའི་འཐུས་མིའི་ཁོངས་ནས་ཟླ་བ་དྲུག་གི་རིང་འཕྲལ་སེལ་གནས་དབྱུང་བཏང་འདུག
བལ་ཡུལ་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། སམཱཇ་ཝ་དྷི་སྲིད་དོན་ཚོགས་པའི་དབུས་རྒྱུན་ལས་ཀྱི་ཚོགས་མི་རྣམས་ཕྱི་ཟླ་ ༦ ཚེས་ ༢༥  ཉིན་ ལྷན་ཚོགས་ཀྱིས་ པརཱ་དྷིཔ་ཡ་དྷཝ་གིས་ཚོགས་པའི་སྒྲིགས་གཞི་དང་འགལ་བ་དང་། ཚོགས་པར་སྙན་སེང་མ་ཞུས་པར་བོད་རང་བཙན་ཀྱི་ལས་འགུལ་ཐོག་མཉམ་ཞུགས་བྱས་པ་སོགས་ཀྱི་ནག་ཉེས་བཙུག་ནས་འཕྲལ་སེལ་ཟླ་བ་དྲུག་རིང་ཚོགས་པའི་ལས་དོན་ནང་ཞུགས་མི་ཆོག་པ་བཟོས་འདུག འོན་ཀྱང་དུས་ཡུན་དེའི་རིང་སྐུ་ཞབས་ ཡ་དྷཝ་གི་གྲོས་ཚོགས་ཀྱི་འཐུས་མིའི་གནས་བབས་རང་སོར་གནས་ཀྱི་ཡོད་པ་རེད།
སྐུ་ཞབས་ཡ་དྷཝ་ལགས་ཀྱིས་ཁོང་གི་ཆབ་སྲིད་ཚོགས་པས། ཁོང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཕེབས་པ་ལས་དངོས་སུ་ཚོགས་ཆེན་ནང་མཉམ་ཞུགས་གནང་མེད་བཞིན་དུ་ཡོངས་གྲགས་སུ་ཁོང་ལ་གསལ་བཤད་དགོས་སྐོར་བཤད་པ་དང་། དེ་བཞིན་ཁོང་ལ་ཚོགས་པས་བཀའ་ཡིག་མ་གནང་བའི་གོང་ཚོགས་པ་ནས་འཕྲལ་སེལ་གནས་དབྱུང་བཏང་བའི་གསལ་བསྒྲགས་གནང་བ་སོགས་ནི་མི་དྲང་བ་དང་ཁྲིམས་འགལ་ཞིག་ཡིན་ལུགས་གསུངས་འདུག
ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་ལཏ་ཝི་ཡའི་(Latvia)རྒྱལ་ས་(Riga)་ནང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་བལ་ཡུལ་ནས་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཆེད་ཕེབས་གནང་ཞིང་།  ཁོང་ཚོའི་སྲིད་དོན་ཚོགས་པར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་ཚོགས་འདུར་ཕེབས་མཁན་གྱི་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དེ་དག་ལ་དཀའ་ངལ་མང་དག་ཞིག་བཟོས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎