བལ་ཡུལ་ཆབ་སྲིད་དཀའ་ངལ་གྱི་ཕྱོགས་སྡོམ་གནས་ཚུལ།

བལ་ཡུལ་ནང་ཕྱི་ཟླ་དང་པོ་ནས་དྲུག་པ་བར་འདས་པའི་ཟླ་བ་དྲུག་ནང་ནས་ངོ་རྒོལ་ལས་འགུལ་རིགས་མ་བྱུང་བར་ཉིན་གྲངས་བཅུ་གཉིས་བྱུང་འདུག

2009.06.28

༄༅༎རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡའི་ཉིན་རེའི་གསར་ཤོག་ཅེས་པའི་ཐོག་བལ་ཡུལ་ནང་འདས་པའི་ཟླ་བ་དྲུག་རིང་ལ་ངོ་རྒོལ་ལས་འགུལ་རིགས་མ་བྱུང་བར་ཉིན་གྲངས་བཅུ་གཉིས་བྱུང་ཡོད་པ་ལས་དེ་འཕྲོས་ཀྱི་མང་ཆེ་བ་ལས་མཚམས་བཞག་པ་དང་ཚོང་ལས་མཚམས་འཇོག་བཞག་པ་སོགས་ངོ་རྒོལ་ལས་འགུལ་ཁོ་ནར་དུས་ཚོད་ཕྱིན་ཡོད་པའི་ཕྱོགས་བསྡོམས་ཀྱི་གནས་ཚུལ་ཞིག་སྤེལ་ཡོད་པ་རེད།

བལ་ཡུལ་ནང་འདི་ལོ་ཕྱི་ཟླ་དང་པོ་ནས་དྲུག་པ་བར་འདས་པའི་ཟླ་བ་དྲུག་ནང་ནས་ཉིན་མི་༡༦༦ནི་ངོ་རྒོལ་ལས་འགུལ་ཁོ་ན་སྤེལ་ཏེ་མཚམས་རེ་འགྲིམས་འགྲུལ་བཀག་འགོག་བྱས་པ་དང་ཡང་ན་གཞུང་གི་ལས་ཁུང་སྒོ་རྒྱབ་པ།ཚོང་ལས་མཚམས་འཇོག་བྱས་པ།སྨན་ཁང་དང་སློབ་གྲྭ་སྒོ་རྒྱབ་པ་སོགས་ངོ་རྒོལ་ལས་འགུལ་རྣམ་གྲངས་མི་འདྲ་བ་སྤེལ་ཏེ་མི་དམངས་ལ་བརྡབ་གསིག་ཆེན་པོ་བཟོས་ཡོད་ཅིང་ལྷག་པར་དུ་འདི་ལོའི་ཕྱི་ཟླ་དང་པོ་དང་གཉིས་པ་བཞི་པ་ཟླ་གྲངས་ཡོངས་རྫོགས་ནང་བལ་ཡུལ་ས་ཁུལ་ཕྱོགས་མང་པོ་ཞིག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད་ཕྱི་ཟླ་ལྔ་པ་དང་དྲུག་པའི་ནང་ཉིན་གྲངས་ཆ་ཚང་བ་ངོ་རྒོལ་ལས་འགུལ་ཁོ་ན་སྤེལ་ཏེ་ཕྱི་ཟླ་ལྔ་པའི་ནང་ངོ་རྒོལ་ལས་འགུལ་ཁག་༤༧བྱུང་བ་དང་དྲུག་པའི་ནང་ཁག་༥༧བྱུང་ཡོད་པའི་བསྡོམས་རྩིས་བཏོན་ཡོད་པ་རེད། བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀོང་རེ་སི་ཚོགས་པ་དང་གཞན་ཡང་མཀ་སེ་སི་དང་ལེ་ནེན་མཉམ་འབྲེལ་ཚོགས་པ་གཉིས་ནས་འདས་པའི་ཟླ་བ་དྲུག་དེའི་རིང་ལ་ངོ་རྒོལ་ལས་འགུལ་ཐེངས་༡༥དང་༡༧རིམ་པ་བཞིན་གོ་སྒྲིག་བྱས་པ་མ་ཟད་ལས་འགུལ་ནང་དུ་ཆབ་སྲིད་མི་སྣ་ཙམ་མ་ཡིན་པར་ས་གནས་མི་དམངས་ཚོར་བཙན་དབང་གིས་མཉམ་ཞུགས་བྱེད་དུ་བཅུག་སྟེ་ཁོང་ཚོའི་རེ་འདུན་འགྲུབ་ཐབས་བྱས་ཡོད་པ་དང་དེ་བཞིན་བལ་ཡུལ་རྒྱལ་ཡོངས་ཀྱི་ས་གནས་ཁག་སོ་སོའི་ཐོག་ནས་ཚོང་ལས་མཚམས་འཇོག་བྱེད་དུ་བཅུག་པའི་ངོ་རྒོལ་ལས་འགུལ་ཁག་༡༧༥གོ་སྒྲིག་བྱས་ཏེ་ཁོང་ཚོས་མང་ཆེ་བ་མོ་ཊའི་འགྲིམས་འགྲུལ་གྱི་འགྲོ་ལམ་བཀག་པ་དང་ཁོང་ཚོའི་ནང་མི་དོན་རྐྱེན་ནང་རྐྱེན་འདས་སུ་ཕྱིན་པ་ཚོར་གུན་གསབ་འཇལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎