བལ་ཡུལ་དུ་ཆིག་སྒྲིལ་གཞུང་གསར་འཛུཌ་དགོས་པའི་ལམ་སྟོན།
2011.08.15
༄༅༎བལ་ཡུལ་ནང་ཆབ་སྲིད་ཀྱི་དཀའ་རྙོག་གི་གནོན་ཤུགས་འོག་སྲིད་བློན་ཧ་ལ་ནཐ་ཁ་ནལ་མཆོག་དགོངས་ཞུ་གནང་བའི་རྗེས་སྲིད་འཛིན་ རམ་བྭ་རྭན་ཡ་རྡལྦ་མཆོག་གིས་རྒྱལ་ཁབ་ནང་ཆིག་སྒྲིལ་གྱི་གཞུང་གསར་འཛུགས་དགོས་པའི་ལམ་སྟོན་གནང་ཡོད་འདུག
རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཡ་དྷཝ་མཆོག་གིས་བར་བརྒལ་གྱི་རྩ་ཁྲིམས་དགོངས་དོན་བཞིན་ཕྱི་ཟླ་བརྒྱད་པའི་ཚེས་༢༡ནང་ཚུད་ཆིག་སྒྲིལ་གྱི་གཞུང་གསར་འཛུགས་དགོས་ལུགས་སྲིད་དོན་ཚོགས་པ་རྣམས་ལ་བཀོད་ཁྱབ་བཏང་ཡོད་ལུགས་སྲིད་འཛིན་གྱི་དྲུང་ཡིག་ཆེན་མོ་བྭ་མྭན་པར་སརྡ་པེའུ་པན་གྱིས་གསུངས་ཡོད་པ་ཨེ་ཨེཕྤི་སོགས་གསར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག དམར་ཚོགས་ཆིག་སྒྲིལ་ཚོགས་པའི་དབུ་ཁྲིད་དང་སྲིད་བློན་རམ་བྭ་རྭན་ཡ་རྡལྦ་མཆོག་གིས་སྣེ་ཁྲིད་པའི་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་ཟིན་བྲིས་གཙོས་པའི་ཞི་འགྲིག་གིས་ལས་དོན་མ་འགྲུབ་པའི་རྒྱུ་མཚན་ལ་བརྟེན་ནས་རེས་གཟའ་ཉི་མའི་ཕྱི་དྲོ་དགོངས་པ་ཞུས་གནང་བ་རེད། འདི་ལོ་ཕྱི་ཟླ་གཉིས་པའི་ནང་ཟླ་བ་བདུན་རིང་ཆབ་སྲིད་ཀྱི་དཀའ་རྙོག་གི་རྗེས་སུ་མཐར་ཇ་ལ་ནཐ་ཁ་ན་ལ་སྲིད་བློན་དུ་བསྐོ་བཞག་བྱུང་བ་རེད། ད་ལྟའི་ཆར་གྲོས་ཚོགས་ནང་གཞུང་འཛིན་བྱེད་རྒྱུའི་མང་མོས་ཚོགས་པ་སུ་ལ་ཡང་མེད་པའི་དཀའ་རྙོག་ཡོད་མུས་རེད། དེའི་དབར་ལ་ཕྱོགས་འགལ་ཚོགས་པ་ཆེ་ཤོས་བལ་ཡུལ་ཀོང་རེསི་ཚོགས་པ་དང་མའོ་དམར་ཤོགས་ཚོགས་པ་གཉིས་ཀས་གཞུང་འཛིན་བྱ་རྒྱུའི་འདུན་པ་བཏོན་ཡོད་འདུག། ཀོང་རེསེ་ཚོགས་པས་ད་ལྟ་སྲིད་བློན་གྱི་འོས་དམིགས་མིང་འདོན་བྱས་མི་འདུག་ཀྱང་མའོ་དམར་ཤོག་ཚོགས་པས་ཚོགས་པའི་ཚོགས་གཞོན་ སྦ་རམ་སྦ་ཏ་རའེ་སྲིད་བློན་གྱི་འོས་གཞིར་མིང་འཛུགས་བྱས་ཡོད་འདུག༎