ཕྱི་རྒྱལ་བ་གཉིས་ནས་བལ་ཡུལ་ནང་བོད་དོན་ཆེད་ངོ་རྒོལ་བྱས་པ།
2009.03.14
༄༅༎བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་དང་རྒྱ་ནག་གི་མཐོང་མཆན་སྤྲོད་སའི་ལས་ཁང་ཁུལ་དུ་ཕྱི་ཚེས་བཅུ་བཞི་ཉིན་བལ་ཡུལ་གཞུང་གིས་ཉེན་རྟོག་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་ཅིང་གཟའ་སྤེན་པའི་ཉིན་དེར་ནོར་ལྦེ་དང་དབྱིན་ཡུལ་ནས་ཡིན་པའི་ཕྱི་རྒྱལ་བ་སྐྱེས་པ་ཞིག་དང་བེུད་ཅིག་གིས་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་མཐོང་མཆན་ཞུ་སའི་སྒོ་འགྲམ་དུ་བོད་དོན་རྒྱབ་སྐྱོར་ཆེད་ངོ་རྒོལ་སྐད་འབོད་བྱས་མ་ཐག་ཁོང་གཉིས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
བལ་ཡུལ་ཉེན་རྟོག་པས་ངོ་རྒོལ་བྱས་མཁན་ཕྱི་རྒྱལ་བ་དེ་གཉིས་ཡུལ་གྲུ་ག་ནས་ཡིན་མིན་ཕྱིར་འགྲེལ་བརྗོད་བྱས་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་དང་ཁོང་གཉིས་ག་དུས་གློད་འགྲོལ་གཏང་མིན་ཡང་ཤེས་རྟོག་མེད་ལུགས་བརྗོད་ཡོད་འདུག བལ་ཡུལ་གཞུང་གིས་རྒྱ་ནག་གི་དགོས་འདུན་བཏོན་པའི་འོག་ད་ལོ་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་མ་ཟད་བོད་མིའི་ཚོགས་སྡེ་ཁག་གི་འགོ་ཁྲིད་དང་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱེད་མཁན་ཁག་ཅིག་ཡང་དེའི་གོང་འཛིན་བཟུང་བྱས་ཡོད་པ་དང་དེ་མིན་བོད་མི་ལས་འགུལ་སྤེལ་མཁན་མང་པོ་ཞིག་རང་ཁྱིམ་དུ་འཛིན་བཟུང་བྱེད་པར་ཡོང་གི་ཡོད་པའི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་འདུག