བལ་ཡུལ་སྲིད་བློན་གསར་པས་དཔོན་རིགས་ཁག་མཇལ་འཕྲད།

བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་སྦ་སྦུ་རམ་བ་ཏ་རའེ་མཆོག་གིས་རྒྱལ་ཁབ་ཀྱི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད་པ་རེད།

2011.09.03

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་སྦ་སྦུ་རམ་བ་ཏ་རའེ་མཆོག་གིསརྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིངས་དང་རྩ་ཁྲིམས་གསར་བཟོའི་ལས་དོན་མདུན་བསྐྱོད་བྱེད་ཕྱོགས་ཐདཕྱི་ལོ་ ༡༩༩༠ ཐམ་པའི་ལོར་བལ་ཡུལ་ནང་མང་གཙོ་སླར་གསོ་བྱུང་རྗེས་རྒྱལ་ཁབ་ཀྱི་སྲིད་བློན་གནང་མཁན་ཆབ་སྲིད་མི་སྣ་ཚོ་དང་དྭོགས་འདྲི་བཀའ་བསྡུར་ཞུ་བཞིན་ཡོད་པ་ བལ་ཡུལ་གྱི་ཧི་མ་ལ་ཡན་དུས་བབས་གསར་ཤོག་གིས་གནས་ཚུལ་སྤེལ་འདུག

སྐུ་ཞབས་བ་ཏ་རའེ་མཆོག་གིས་ཁོང་གི་གཟིམས་ཁང་དུབལ་ཡུལ་གྱི་ CPN-UML དམར་ཤོག་ཚོགས་པའི་འགོ་འཁྲིད་སྟེ་འདིའི་གོང་གི་བལ་ཡུལ་གྱི་སྲིད་བློན་གནང་མཁནམ་རྡལྦ་ཀུ་མར་ནེ་པལ་དང་མཇལ་འཕྲད་གནང་སྟེཞི་བདེའི་ལས་དོན་དང་ད་ལྟའི་རྩ་ཁྲིམས་གསར་བཟོའི་གྲོས་ཚོགས་ཀྱི་དུས་ཡུན་མ་རྫོགས་གོང་རྩ་ཁྲིམས་ཀྱི་ཟིན་བྲིས་གཏན་བེབས་འབྱུང་ཐབས་སུ་ཚད་མཐོའི་ལས་དོན་ཚོགས་ཆུང་ཞིག་གསར་འཛུགས་གནང་ཕྱོགས་ཐད་བཀའ་བསྡུར་གནང་ཡོད་འདུག

གཟའ་ཉི་མའི་ཉིན་སྲིད་བློན་བ་ཏ་རའེ་མཆོག་གིསནེ་པལ་ཀོང་རེསི་ཚོགས་པའི་དབུ་འཁྲིད་ཤེར་སྦ་ཧ་རྡུར་རྡེའུ་སྦ་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལདེ་བཞིན་དེ་སྔོན་གྱི་སྲིད་བློན་སུར་ཡ་སྦ་རྡུར་ཐ་པ་དང་ལོ་ཀེན་རྡར་སྦ་རྡུར་ཅན་རྡ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག།

སྐུ་ཞབས་སྦ་བུ་རམ་བ་ཏ་རའེ་ལ་གཟའ་མིག་དམར་ཉིན་བལ་ཡུལ་གྱི་སྲིད་བློན་དུ་གྲོས་ཚོགས་ནས་བསྐོ་འདེམས་བྱུང་ཞིང་ཁོང་ནི་མའོའི་དམར་ཤོག་ཚོགས་པའི་ཚོགས་མི་རྒན་གྲས་མཐོ་ཤོས་ཨང་གཉིས་པ་དེ་ཡིན་པ་རེད། འོན་ཀྱང་ཁོང་མའོའི་དམར་ཤོག་ཚོགས་པའི་འགོ་འཁྲིད་གཞན་དང་མི་འདྲ་བར་རྒྱལ་ཁབ་ཀྱི་ལས་དོན་འགྲུབ་རྒྱུར་སྲིད་དོན་ཤོག་ཁག་གཞན་དང་མཉམ་འབྲེལ་གནང་ཐུབ་མཁན་ཞིག་ཡིན་པར་མང་པོས་ངོས་འཛིན་ཞུ་བཞིན་ཡོད་པ་རེད།

བལ་ཡུལ་གཞུང་དང་མའོའི་གྱེན་ལོག་ཤོག་ཁག་དབར་གྱི་ནང་འཁྲུག་དེཕྱི་ལོ་ ༢༠༠༦ ལོར་མཇུག་བསྒྲིལ་ཞིང་མཉམ་འབྲེལ་རྒྱལ་ཚོགས་དང་ཐོུང་དུ་བཞག་པའི་ཆིངས་དོན་དེའི་ནང་དེ་སྔའི་གྱེན་ལོག་ཡུལ་དམག་ཁྲི་ཚོ་འགའ་ཤས་ཡོད་པ་དེ་དག་གི་མདུན་ལམ་འཚོལ་དགོས་པ་འཁོད་ཡོད་ཀྱང་ཡུལ་དམག་དེ་དག་མང་ཆེ་བ་ད་དུང་ཡང་བལ་ཡུལ་གྱི་ས་གནས་འདྲ་མིན་ནང་གི་སྡོད་སྒར་ཁག་ནང་གནས་སྡོད་བྱེད་བཞིན་ཡོད་པ་རེད། བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པས་ཡུལ་དམག་དེ་དག་བལ་ཡུལ་རྒྱལ་ཁབ་ཀྱི་དམག་ཁོངས་སུ་འཇུག་དགོས་པ་བརྗོད་བཞིན་ཡོད་ཀྱང་དེར་སྲིད་དོན་ཚོགས་པ་གཞན་དང་བལ་ཡུལ་གྱི་དྲག་པོའི་དཔོན་རིགས་ཚོས་དེར་མོས་མཐུན་བྱེད་ཀྱི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎