བལ་ཡུལ་གྱི་དམག་སྤྱི་འཕོ་འགྱུར་གཏོང་ཕྱོགས་ཀྱི་དཀའ་རྙོག
2009.04.25
༄༅༎བལ་ཡུལ་གྱི་མནའ་འབྲེལ་གཞུང་འཛིན་གྱིས་རྒྱལ་ཁབ་ཀྱི་དམག་སྤྱི་འཕོ་འགྱུར་གཏོང་ཕྱོགས་ཀྱི་དཀའ་རྙོག་ལ་བརྟེན་ནས་སྲིད་བློན་པ་ར་ཅན་རྡ་རྒྱ་ནག་ནང་གཟིགས་སྐོར་དུ་བསྐྱོད་རྒྱུ་ངང་འཐེན་གནང་དགོས་བྱུང་ཡོད་འདུག
མའོ་ཤོག་ཁག་གིས་སྣེ་འཁྲིད་པའི་གཞུང་འཛིན་གྱིས་བར་ལམ་ནས་རྒྱལ་ཁབ་ཀྱི་དམག་སྤྱི་རུཀ་མན་གུ་རྡི་ཀ་ཏ་ལྦལ་གནས་དབྱུང་གཏང་རྒྱུའི་ཐབས་ཤེས་གནང་མུས་ཀྱང་ཕྱོགས་འགལ་ཀོང་རེ་སི་དང་ཚོགས་པ་ཁ་ཤས་ཀྱི་རྒྱབ་སྐྱོར་གནང་གི་མེད་པར་བརྟེན་དཀའ་རྙོག་ཆེན་པོ་ཆགས་ཡོད་འདུག དམག་སྤྱི་ཀ་ཏ་ལྦལ་གྱིས་དམག་མི་གསར་འཛུགས་གནང་ཕྱོགས་ཐད་གཞུང་གི་བཀའ་བརྒྱར་བརྩི་མེད་བཏང་གི་ཡོད་ལུགས་སྐྱོན་བརྗོད་ཡོང་གི་ཡོད་འདུག དཀའ་རྙོག་དེས་རྐྱེན་པས་སྲིད་བློན་པ་ར་ཅན་རྡ་ཕྱི་ཟླ་ལྔ་པའི་ཚེས་གཉིས་བདུན་གཅིག་རིང་རྒྱ་ནག་ནང་འཚམས་འདྲིའི་གཟིགས་སྐོར་དུ་བསྐྱོད་གཏན་འཁེལ་བ་དེ་ཡང་གནས་སྐབས་རིང་ཕྱིར་འགྱངས་གནང་དགོས་བྱུང་ཡོད་ལུགས་གཞུང་གི་མགྲིན་ཚབ་པ་ཨོམ་པ་ར་ཀ་ཤེ་གྱིས་གསུངས་ཡོད་པ་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།