བལ་ཡུལ་གྲོས་ཚོགས་ཀྱིས་ལོ་འཁོར་སྔོན་རྩིས་གཏན་འབེབས།

བལ་ཡུལ་གྲོས་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2009.11.25

༄༅༎བལ་ཡུལ་གྲོས་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུག

གྲོས་ཚོགས་ནང་འདི་ལོའི་ལོ་འཁོར་སྔོན་རྩིས་ཕྱི་ཟླ་བདུན་པའི་ནང་ཕུལ་ཡོད་ཀྱང་དམར་ཤོག་ཚོགས་པའི་ཁྲིམས་བཟོ་བ་ཚོས་ཉིན་ལྟར་གྲོས་ཚོགས་ནང་ངོ་རྒོལ་བྱས་པར་བརྟེན་ནས་ད་བར་སྔོན་རྩིས་ཐོག་བགྲོ་གླེང་ནར་འགྱངས་བྱེད་དགོས་བྱུང་བ་རེད་ འོན་ཀྱང་འདས་པའི་ཉིན་གསུམ་རིང་འདི་ལོའི་སྔོན་རྩིས་གཏན་འབེབས་ཁོ་ནའི་ཆེད་དུ་གྱེན་ལོག་ཤོག་ཁག་གིས་གྲོས་ཚོགས་ནང་ངོ་རྒོལ་བྱེད་རྒྱུ་མཚམས་འཇོག་བྱས་པ་ལྟར་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་སྔོན་རྩིས་གཏན་འབེབས་ཀྱིས་ལས་བྱེད་པའི་གླ་ཆ་གཙོས་པའི་གཞུང་གི་འགྲོ་སོང་ད་བར་ཕྱིར་འགྱངས་བྱས་པ་དེ་དག་རིམ་པས་གཏོང་རྒྱུའི་སྒོ་མོ་ཕྱེ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཕྱི་ལོ་ཉིས་སྟོང་དྲུག་ལོར་མའོ་གྱེན་ལོག་ཤོག་ཁག་དང་གཞུང་དབར་ཞི་འགྲིག་བྱུང་བའི་རྗེས་སུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱལ་ཡོངས་འོས་བསྡུའི་སྐབས་མའོ་ཤོག་ཁག་ལ་རྒྱལ་ཁ་ཆེ་ཤོས་ཐོབ་སྟེ་མནའ་འབྲེལ་གྱི་གཞུང་འཛིན་བྱེད་རྒྱུའི་གོ་སྐབས་ཐོབ་པ་མ་ཟད་གྱེན་ལོག་པའི་དབུ་ཁྲིད་པཱར་ཅན་རྡ་སྲིད་བློན་དུ་བསྐོ་བཞག་བྱུང་བ་རེད། འོན་ཀྱང་གཞུང་དང་དམག་སྤྱི་མ་འཆམ་པའི་རྒྱུ་མཚན་ལ་བརྟེན་ནས་གཞུང་གིས་དམག་སྤྱི་གནས་དབྱུངས་གཏོང་དགོས་པའི་བཀོད་ཁྱབ་བཏང་པ་རེད། རིམ་པས་སྲིད་འཛིན་རཱམ་སྦ་ར་ན་ཡ་རྡལྦ་མཆོག་གིས་དམག་སྤྱི་གནས་དབྱུངས་གཏོང་རྒྱུའི་དབང་ཆ་སྲིད་བློན་ལ་མེད་ལུགས་བརྗོད་དེ་དགོངས་བཞེས་མ་གནང་བ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་པཱར་ཅན་རྡ་སྲིད་བློན་ནས་དགོངས་པ་ཞུས་པ་མ་ཟད་དེ་རྗེས་དམར་ཤོག་ཚོགས་པ་ཡང་གཞུང་འཛིན་ནས་ཕྱིར་འཐེན་གྱིས་ད་བར་མནའ་འབྲེལ་གྱི་གཞུང་གསར་པའི་ལས་དོན་རྣམས་ལམ་ལྷོངས་བཏང་གི་མེད་པ་རེད། འོན་ཀྱང་ལོ་འཁོར་སྔོན་རྩིས་གཏན་འབེབས་མ་ཐུབ་པ་དེས་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་མའོ་ཤོག་ཁག་གིས་གོང་ཞུས་ལྟར་གྲོས་ཚོགས་ནང་ངོ་རྒོལ་མཚམས་འཇོག་གིས་སྔོན་རྩིས་གཏན་འབེབས་ཐུབ་ཙམ་བྱུང་ཡོད་འདུག འོན་ཀྱང་མའོ་ཤོག་ཁག་གིས་རྒྱལ་ཡོངས་སུ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གསར་པ་ཞིག་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་འགོ་འཛུགས་བྱེད་རྩིས་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎