མའོ་ཚོགས་པས་གཞུང་སྣེ་ཁྲིད་བྱ་རྒྱུར་ཆ་རྐྱེན་བཞག་འདུག

བལ་ཡུལ་མའོ་ཤོག་ཁག་ནས་གཞུང་གི་ལས་དོན་ནང་མཉམ་བཞུགས་བྱ་རྒྱུ་མིན་པའི་ཐོག་མའི་ཐག་གཅོད་ལ་འགྱུར་བ་གཏོང་རྒྱུའི་བསམ་ཚུལ་བཏོན་འདུག

2008.07.25

༄༅༎མི་སེར་རྒྱལ་ཁབ་གསར་པ་བལ་ཡུལ་ནང་གསར་དུ་ཐོན་པའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་སུ། དེ་རིང་བལ་ཡུལ་མའོ་ཤོག་ཁག་གིས་གཞུང་གསར་འཛུགས་ཀྱི་ལས་དོན་ནང་མཉམ་བཞུགས་བྱ་རྒྱུ་མིན་པའི་ཐོག་མའི་ཐག་གཅོད་ལ་འགྱུར་བ་གཏོང་རྒྱུའི་བསམ་ཚུལ་བཏོན་འདུག།

ཉེ་དུས་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་འོས་བསྡུའི་ནང་འཐུས་མིའི་གདན་གྲངས་མང་བ་ཐོབ་མཁན་མའོ་ཤོག་ཁག་གིས་ ཕྱོགས་འགལ་ཚོགས་པའི་འཐུས་མི་ཚོས་ཁོང་ཚོའི་འདོད་པ་ཡོད་པའི་སྲིད་འཛིན་ལ་ཁས་ལེན་མ་བྱས་པར་བརྟེན་གཞུང་གསར་འཛུགས་ཀྱི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུ་མིན་ལུགས་བརྗོད་ཡོད་པ་རེད། སྤྱིར་བཏང་བྱས་ན་སྲིད་འཛིན་གྱི་གོ་གནས་དེ་མིང་ཙམ་ཡིན་ནའང༌། མའོ་ཤོག་ཁག་གིས་ཕྱོགས་འགལ་གྱི་མི་སྣ་ཞིག་སྲིད་འཛིན་ལ་འཁོད་པ་ཡིན་ན་། ཁོང་ཚོས་བཙུགས་པའི་གཞུང་གི་ལས་དོན་དང་དམིགས་ཡུལ་ཆེན་པོ་ཡོད་པའི་ལས་འཆར་ཁག་ལ་འགོག་རྐྱེན་བཟོ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

འོན་ཀྱང་མའོ་ཤོག་ཁག་གི་མགྲིན་ཚབ་པ་ ཀིརིཤ་ན་ སྦ་ཧ་རྡུར་ མ་ཧ་ར་ ཡིས་ ཚོགས་པ་གཞན་ཁག་གིས་བློན་ཆེན་ལྷན་ཚོགས་གསར་པ་ཕྲུ་སློག་གཏོང་རྒྱུའི་ཐབས་ཤེས་གནང་རྒྱུ་མིན་པའི་དགོས་འདུན་བཏོན་གནང་ཡོད་ཅིང༌། མའོ་ཚོགས་པས་གཞུང་སྣེ་ཁྲིད་བྱ་རྒྱུར་ཆ་རྐྱེན་གསུམ་བཞག་ཡོད་སྐོར་ཕེརན་སི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བཞག ཆ་རྐྱེན་དང་པོ་དེ་ནི། ཁོང་ཚོས་གཞུང་སྣེ་ཁྲིད་བྱེད་འགོ་བཙུགས་པ་ནས་བཟུང་ལོ་གཉིས་རིང་ཆབ་སྲིད་ཚོགས་པ་གཞན་ཁག་གིས་གཞུང་གསར་འཛུགས་དང་ ཕྱིར་བསྡུའི་ལས་དོན་ནང་ཐེ་བྱུས་གནང་རྒྱུ་མིན་པའི་ཡིག་ཐོག་ནས་ཁས་ལེན་གནང་དགོས་རྒྱུ་དང༌། ཕྱོགས་འགལ་ཚོགས་པ་ཁག་གིས་ མའོ་ཤོག་ཁག་གི་ལས་འཆར་ཁག་ལམ་ལྷོང་དུ་གཏོང་རྒྱུར་མོས་མཐུན་བྱ་དགོས་རྒྱུ་དང༌། ཕྱོགས་འགལ་ཚོགས་པ་གསུམ་གྱིས་མཐུན་ཕྱོགས་མེད་པ་བཟོ་རྒྱུ་བཅས་ཆ་རྐྱེན་གསུམ་བཏོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎