མའོ་ཚོགས་པའི་ཚོགས་གཞོན་བལ་ཡུལ་དུ་སྲིད་བློན་དུ་བསྐོ་བཞག
2011.09.04
༄༅༎བལ་ཡུལ་ནང་མའོ་དམར་ཤོག་ཆིག་སྒྲིལ་ཚོགས་པའི་ཚོགས་གཞོན་པ་ན་ར་ཡན་ཀ་ཇི་ཤེརེསེ་ཐ་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོག་ཏུ་བསྐོ་བཞག་གནང་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་མའོ་ཤོག་གི་གཞུང་འཛིན་གསར་པའི་སྲིད་བློན་བྭ་བུ་རམ་བ་ཏ་རའེ་མཆོག་གིས་ཚོགས་པའི་ཚོགས་གཙོན་གཞོན་པའི་གྲས་ན་ར་ཡན་ཀ་ཇི་ཤེརེསེ་ཐ་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོག་ཏུ་བསྐོ་བཞག་གནང་ཡོད་པ་ཟད་གཤམ་གསལ་ཚོགས་པའི་དབུ་ཁྲིད་རྣམས་བློན་ཆེན་དུ་བསྐོ་བཞག་གནང་འདུག པོསེཊེ་བྭ་ཧ་རྡུར་བྭོ་ག་ཏི་ནུས་ཤུགས་བློན་ཆེན་དང་ཀྲོབ་བྭ་རྡུར་ར་ཡ་མ་ཇི་ས་གནས་འཛུགས་བསྐྲུན་བློན་ཆེན། བྭར་ཤ་མན་པུན་ དཔལ་འབྱོར་བློན་ཆེན། པ་ར་སྦུ་ཤྭ་ ས་ཞིང་བཅོས་བསྒྱུར་བློན་ཆེན་དང་ཀ་མ་ལ་ རོ་ཀ་ གཞོན་ནུ་རྩེད་མོའི་བློན་ཆེན་བཅས་སུ་བསྐོ་བཞག་གནང་ཡོད་འདུག འོན་ཀྱང་མའོ་དམར་ཤོག་ཚོགས་པའི་ལྟ་བ་མཁྲེགས་འཛིན་ཅན་དང་ཚོགས་གཞོན་གྲས་ནས་མོ་ཧན་བྭའིརྡ་ཡ་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་མེད་པ་རེད། སྲིད་བློན་བ་ཏ་རའེ་མཆོག་གིས་མའོ་ཤོག་ཁག་གི་བློན་ཆེན་རྣམས་བསྐོ་བཞག་གནང་བ་དེས་རིང་མིན་བློན་ཆེན་གཞན་ཁ་སྐོང་གནང་རྒྱུར་ཐན་ཐོགས་ཡོང་རྒྱུར་གནད་དོན་དབྱེ་ཞིབ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག༎