བལ་ཡུལ་ནང་བྱ་ནད་ཐོན་པའི་གནས་ཚུལ།
2012.02.05
༄༅༎བལ་ཡུལ་ནང་དུ་བྱ་ནད་H1N1ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་བལ་ཡུལ་འཕྲོད་བསྟེན་ལས་བྱེད་པས་ཁྱིམ་བྱ་སྟོང་ཕྲག་མང་པོ་ལྡེབས་གསོད་བཏང་ཡོད་པ་རེད།
དེ་རིང་བལ་ཡུལ་གཞུང་གི་སེམས་ཅན་འཕྲོད་བསྟེན་ཐད་བལྟ་རྟོགས་བྱེད་མཁན་ལས་ཁུངས་ཀྱི་འགན་འཛིན་རམ་ཀིརིཤ་ན་ཁ་ཏི་ལྦ་ཌ་ཞུ་བས་གསུངས་བར། ཁྱིམ་བྱ་གསོ་སྐྱོང་བྱེད་ཡུལ་དུ་ཤེས་རྟོགས་མ་ཐུབ་པའི་ན་ཚ་ཞིག་ན་ཏེ་ཁྱིམ་བྱ་གློ་བུར་དུ་ཤི་བའི་གནས་ཚུལ་ཐོན་པའི་རྗེས། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཁྱིམ་བྱ་ཤི་བའི་ན་ཚ་ཇི་ལྟར་བརྟག་དཔྱད་ཆེད་དུ་བཏང་བ་དང༌། དེ་རིང་ལོན་ཊོན་ནས་རྟགས་དཔྱད་ཀྱི་འབྲས་བུ་འབྱོར་བ་བཞིན་བལ་ཡུལ་གྱི་སུན་ས་རི་རྫོང་གི་ས་གནས་ཨི་ཏ་རི་དང་ཀ་ནར་གཉིས་ནང་གི་ཁྱིམ་བྱ་གསོ་སྐྱོང་ཁང་དུ་བྱ་ནད་H1N1འགོས་ནད་ཁྱབ་སྤེལ་ཕྱིན་ཡོད་པ་ཁ་གསལ་དུ་ཕྱིན་པའི་སྐོར་གསུང་ཡོད་པ་རེད། ད་དུང་བྱ་ནད་དེ་ནི་བལ་ཡུལ་གྱི་ཤར་ཕྱོགས་རི་རྒྱུད་ས་ཁུལ་པན་ཆ་ཐར་ནང་དུའང་ཁྱབ་སྤེལ་ཕྱིན་ཡོད་པར་སོང་ཁྱིམ་བྱ་བཞི་སྟོང་ལྷག་ལྡེབས་གསོད་བཏང་དགོས་པ་བྱུང་ཡོད་པ་རེད།།