རྒྱ་ནག་དང་བལ་ཡུལ་གྱི་དམག་སྦྱོང་ཐེངས་དང་པོ།


2017.04.16
རྒྱ་ནག་དང་བལ་ཡུལ་གྱི་དམག་སྦྱོང་ཐེངས་དང་པོ། རྒྱ་ནག་དང་བལ་ཡུལ་གྱི་དམག་མིའི་དབར་དམག་སྦྱོང་ཐེངས་དང་པོ་དེ་རྒྱལ་ས་ཀཐ་མན་ཌུའི་ནང་འགོ་འཛུགས་བྱས་ཡོད་པ།
ཕལི་ཀར།

རྒྱ་ནག་དང་བལ་ཡུལ་གྱི་དམག་མིའི་དབར་དམག་སྦྱོང་ཐེངས་དང་པོ་དེ་ དེ་རིང་རངེས་གཟའ་ཉི་མའི་ཉིན་རྒྱལ་ས་ཀཐ་མན་ཌུའི་ནང་འགོ་འཛུགས་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གིས་བལ་ཡུལ་ནང་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་སུ་བལ་ཡུལ་མཉམ་ཟུང་སྦྲེལ་དམག་སྦྱོང་བྱས་པ་ཞིག་ཡིན་པའི་གནས་ཚུལ་འདུག དེ་ཡང་བལ་ཡུལ་ནི་རྒྱ་གར་དང་རྒྱ་ནག་དབར་གནས་པའི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་པ་དང་། རྒྱ་གར་དང་རྒྱ་ནག་གཉིས་ནས་ཡུལ་དེར་ཤུགས་རྐྱེན་སྤྲོད་ཐབས་སུ་ཐབས་ཤེས་གང་ཡོང་བྱེད་བཞིན་པ་རེད། དེ་རིང་བལ་ཡུལ་རྒྱལ་སའི་ནང་ Sagarmath Friendship འམ་༢༠༡༧ལོའི་Sagarmathམཛའ་གྲོགས་ཞེས་པའི་རྒྱ་ནག་དང་བལ་ཡུལ་དབར་དམག་སྦྱོང་ཐེངས་དང་པོ་དེ་འགོ་འཛུགས་བྱས་ཡོད་པ་དང་། ཉིན་བཅུའི་ཟུང་སྦྲེལ་དམག་སྦྱོང་ནང་གཙོ་བོ་འཇིག་སྐུལ་རིང་ལུགས་པར་ཁ་གཏད་ལྕོག་ཐབས་སྐོར་དམག་སྦྱོང་བྱ་རྒྱུ་ཡིན་ལུགས་བལ་ཡུལ་གྱི་དམག་མིའི་མགྲིན་ཚབ་པ་Jhankar Bahadur Kadayatཞུ་བས་གསུངས་བཞག།
ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎