བལ་ཡུལ་དུ་འཁྲུངས་སྐར་སྲུང་བརྩི་ལ་བཀག་འགོག

བལ་ཡུལ་གཞུང་ནས་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་འགོག་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ།

2011.07.02

༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་འགོག་ཐབས་བྱེད་བཞིན་པར་མ་ཟད་ བོད་མི་བཞི་འཛིན་བཟུང་བྱས་ཡོད་པ་རྒྱ་གར་གྱི་ IANS གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།

འདས་པའི་ལོ་ཤས་ནང་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྟེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་༸རྒྱལ་བའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་དམ་དྲག་ཇེ་ཆེ་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བལ་ཡུལ་དུ་གཏན་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ Qiu Guohong  གཞུང་ཚབ་ཆེན་མོའི་ལས་འཁུར་དུས་ཚོད་མ་གཙང་གོང་རྒྱ་ནག་ཏུ་ཆེད་སྒུགས་བྱས་ཅིང་། འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ བལ་ཡུལ་གཞུང་ཕྱོགས་ནས་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ལས་དོན་ཐོག་དམ་དྲག་སྟངས་འཛིན་བྱེད་ཕྱོགས་ཐད་འདོད་བློ་མི་ཁེངས་པའི་རྣམ་འགྱུར་བསྟན་པའི་མཚོན་དོན་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

ཡང་ཉིན་ཤས་སྔོན་བལ་ཡུལ་གྱི་ཉེན་རྟོག་པས་བལ་ཡུལ་ནང་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་གྱི་སྔོན་ཉེས་མེད་མི་གྲངས་ ༤༠ ཙམ་འཛིན་བཟུང་དོ་དམ་བྱས་ཡོད་པ་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་ཡོད།  གནས་ཚུལ་ཐོན་པར་གཞིགས་ན་མི་དེ་དག་མ་ཇང་རྒྱན་རྩེད་རྩེ་བཞིན་པའི་སྐབས་དྲག་ཆས་ཉེན་རྟོག་པ་འབོར་ཆེན་ཞིག་ཡོང་སྟེ་ཁོང་ཚོ་གློ་བུར་དུ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་པ་ལས་ཁོང་ཚོས་ཁྲོམས་གཞུང་ཐོག་ཐོན་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ལ་སོགས་གང་ཡང་བྱས་མེད་པ་ཡིན་འདུག།

ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཀརྨ་པ་རིན་པོ་ཆེ་དགུང་གྲངས་ ༢༧ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དེ་ཡིན་ཞིང་བལ་ཡུལ་ནང་བོད་མི་ཙམ་མིན་པར་ཀརྨ་ཀམ་གཙང་གི་རྗེས་མཇུག་པ་འབོར་ཆེན་ཡོད་ལ། ཁོང་ཚོས་ལོ་ལྟར་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་སྲོལ་ཡོད་ཅིང་། བལ་ཡུལ་གཞུང་གིས་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་བཀག་འགོག་བྱས་པ་ད་ལོ་ཐོགས་མ་དེ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎