བལ་ཡུལ་དུ་རྒྱ་ནག་སྲིད་བློན་ལ་སྲུང་སྐྱོབ་ལས་ཀ་འགོ་ཚུགས།
2011.12.12
༄༅༎བལ་ཡུལ་ནང་རྒྱ་ནག་གི་སྲིད་བློན་ཞིག་ལོ་ངོ་བཅུ་ཕྲག་གཅིག་ནང་ཕེབས་ཐེངས་དང་པོ་ཆགས་པའི་དུས་སྐབས་དེར་བལ་པོའི་གཞུང་གི་འགོ་འཁྲིད་ཚོས་བདུན་རྗེས་མར་རྒྱ་ནག་གི་སྲིད་བློན་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་ཡུལ་དེའི་ནང་ཡོད་པའི་བོད་མི་རྣམས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མིན་པའི་གཏམ་བཤད་བྱས་ཡོད་པ་རེད་ བལ་ཡུལ་གཞུང་གིས་རྒྱ་ནག་དང་འབྲེལ་བ་གཟབ་ཏུ་གཏོང་རྒྱུའི་ཆེད་དང་སྲིད་བློན་ལྦན་ཇའི་པའོ་ཡི་ཉིན་གསུམ་རིང་གི་གཟིགས་བསྐོར་དེའི་སྐབས་དཀའ་རྙོག་མི་འབྱུང་ཆེད་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཁོང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མིན་པ་རེད་ བལ་ཡུལ་གྱི་ཉེན་རྟོག་པའི་མགྲིན་ཚབ་པ་སྦི་ནོརྡ་སིང་ཡིས་ལྦན་ཇའ་པའོ་ཕྱི་ཚེས་ ༢༠ ཉིན་འགོ་འཛུགས་ཀྱིས་ཉིན་གསུམ་རིང་བལ་ཡུལ་ནང་གཟིགས་བསྐོར་དུ་ཕེབས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མིན་པ་དང་སྲུང་སྐྱོབ་ཀྱི་ལས་དོན་རྒྱ་སྐྱེང་གཏོང་རྒྱུ་ཡིན་སྐོར་གསུང་འདུག མིང་འདོན་གནང་འདོད་མེད་པའི་བོད་མི་ཁག་ཅིག་གིས་གསར་འགོད་པར་བལ་ཡུལ་གྱི་བསྐོར་སྲུང་མི་སྣས་བོད་མིའི་ཐོག་དམ་བསྒྲཌ་བྱེད་འགོ་འཚུགས་ཟིན་ཡོད་ནའང་ད་བར་བོད་མི་སུའང་འཛིན་བཟུང་བྱུང་བའི་གནས་ཙུལ་བྱུང་མེད་སྐོར་གསུང་འདུག