བལ་ཡུལ་ནང་མང་གཙོའི་དུས་ཆེན་སྲུང་བརྩིར་བཀག་འགོག

བལ་ཡུལ་གཞུང་ནས་བོད་མི་ཚོར་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ཆོག་ཆན་སྤྲད་མེད་པའི་གནས་ཚུལ་འདུག

2011.09.04

༄༅༎བོད་ཀྱི་དུས་བབས་ཀྱི་དྲ་རྒྱའི་གསར་འགྱུར་ལས་ཁང་ལ་བལ་ཡུལ་ནང་ཡོད་པའི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་བླ་མ་ལགས་ཀྱི་འགྲེལ་བརྗོད་བྱེད་པར་ལྟར་ན། འདི་ཚེས་གཉིས་ཉིན་བལ་ཡུལ་ནང་གི་བོད་མི་ཚོས་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་དང་བཅས་འབྲེལ་ཡོད་ལས་ཁུངས་སུ་ཆོག་ཆན་ཞུས་པའི་སྐབས་དུས་ཆེན་སྲུང་བརྩི་ཞུས་ན་འགྲིགས་ཀྱི་མེད་ལུགས་གསུངས་པས་མ་ཟད་མི་མང་འདུ་འཛོམས་ཀྱང་བྱེད་པ་ཡིན་ན་དོ་ནན་པོའི་ཐོག་ནས་སྟངས་འཛིན་བྱེད་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག་ལ་མང་ཚོགས་འདུ་འཛོམས་བྱེད་རྒྱུའི་ཉེན་ཁ་མཐོང་ནས་བོད་མིའི་འདུ་སྡོད་ཡོད་སར་ཉེན་རྟོག་དམག་མི་འགྲེམས་འཇོག་བྱེད་ཡོད་འདུག

བལ་ཡུལ་གཞུང་ནས་བོད་མི་ཚོའི་ཐོག་དོ་དམ་བྱེད་ཀྱི་ཡོད་པའི་ཁར་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་བས་མ་ཟད་ཉེ་ཆར་རྒྱ་ནག་གི་དཔོན་རིགས་གཟིགས་བསྐོར་ཕེབས་པའི་སྐབས་བལ་ཡུལ་གཞུང་གི་འབྲེལ་ཡོད་ཚོས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་མུ་མཐུད་འཛིན་རྒྱུ་དང་། ཁྱིམ་མཚེས་རྒྱལ་ཁབ་ལ་དོ་ཕོག་འགྲོ་གཞིའི་ལས་འགུལ་རིགས་རྩ་བ་ནས་སྤེལ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་རེད།

སྔ་ལོ་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་ལས་དོན་ཡང་གཉེར་བཅུག་མེད་པ་མ་ཟད་སྔར་བཞིན་གསུམ་དུའི་མཛད་སྒོ་དང་། རྔམ་སྟོན་ཁྲོམ་སྐོར་རིགས་ཀྱང་སྤེལ་རྒྱུར་སྔར་ལྷག་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎