བལ་ཡུལ་དུ་གར་སོང་ཆ་མེད་དུ་གྱུར་བའི་མི་རྩད་གཅོད་དགོས།

བལ་ཡུལ་ནང་གར་སོང་ཆ་མེད་དུ་གྱུར་བའི་བལ་པོའི་མི་མང་ཚོ་རྩད་གཅོད་བྱེད་དགོས་པའི་ཁྲིམས་གཞི་ཞིག་གཏན་འབེབས་གནང་དགོས་ཀྱི་རེད།

2008.11.26

༄༅༎བལ་ཡུལ་གྱི་གྲོས་ཚོགས་ནས་མའོ་གྱེན་ལོག་ཤོག་ཁག་གཙོ་བོར་གྱུར་བའི་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཚོས་སྤེལ་བའི་སྤྱི་མང་དབར་ཁྲིམས་འགལ་གྱི་དམག་འཁྲུག་ལས་འགུལ་དེའི་བརྒྱུད་རིམ་ནས་གར་སོང་ཆ་མེད་དུ་གྱུར་བའི་བལ་པོའི་མི་མང་ཚོ་རྩད་གཅོད་བྱེད་དགོས་པའི་ཁྲིམས་གཞི་ཞིག་གཏན་འབེབས་གནང་དགོས་ཀྱི་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པ་ཞིག་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་འབོད་སྐུལ་གནང་ཡོད་པ་རེད།

དེ་ཡང་བལ་ཡུལ་གཞུང་དང་མའོ་གྱེན་ལོག་ཤོག་ཁག་གཉིས་ཀའི་ཐོག་ནས་འདས་པའི་ལོ་བཅུ་ཕྲག་ལྷག་ཙམ་ནང་ཡུལ་གྱི་མི་མང་གྲངས་ལས་འདས་པ་ཁྲིམས་འགལ་གྱི་སྒོ་ནས་འཛིན་བཟུང་བྱེད་པ་དང་དམར་བསད་གཏོང་བ།དེ་བཞིན་མནར་གཅོད་དྲག་པོ་བཏང་བ་སོགས་བྱས་ནས་མི་མང་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་སྟངས་སུ་འགྱར་ཡོད་པ་རེད། གནད་དོན་དེའི་ཐོག་དེ་སྔ་བལ་ཡུལ་ནང་མའོ་གྱེན་ལོག་ཤོག་ཁག་གཙོ་བོར་གྱུ་བའི་ཆབ་སྲིད་ཀྱི་ཚོགས་པ་ཁག་ནས་ཞིབ་འཇུག་བྱས་ནས་ཁྲིམས་འགལ་གྱི་ལས་དོན་སྤེལ་མཁན་ཚོའི་ཐོག་ཉེས་པ་གཏོང་རྒྱུའི་གོ་བསྡུར་བྱས་ཡོད་ཀྱང་ད་བར་ལག་ལེན་རྩ་བ་ནས་བྱས་མེད་པ་རེད་ཅེས་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པའི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་སྦེརེདྲ་ཨེ་ཌམ་སེ་ཡིས་སྐྱོན་བརྗོད་གནང་ཡོད་པ་རེད། དེ་ག་ནང་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ཀྱང་ད་རེས་བལ་ཡུལ་གྱི་གྲོས་ཚོགས་ནས་གོང་ཞུས་གནད་དོན་དེའི་ཐད་གྲོས་གཞི་གསར་པ་ཞིག་སྟོན་ནས་གཞུང་གིས་དེའི་དཀའ་རྙོག་སེལ་ཐུབ་པ་གནང་དགོས་ཀྱི་རེད་ཅེས་འབོད་སྐུལ་གནང་ཡོད་པ་རེད། དེ་ག་ནང་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པ་དང་བལ་ཡུལ་གྱི་མཐུན་ཚོགས་ཞིག་ནས་ཀྱང་བལ་ཡུལ་གྱི་གྲོས་ཚོགས་ལ་གནད་དོན་དང་འབྲེལ་བའི་སྐོར་འབོད་སྐུལ་ཕྱག་བྲིས་ཞིག་ཀྱང་འབུལ་ཡོད་པ་རེད། འདས་པའི་ལོ་བཅུ་ཕྲག་ལྷག་ཙམ་ནང་བལ་ཡུལ་གཞུང་མང་གཉིས་དབར་གྱི་དམག་འཁྲུག་ནང་མི་མང་ཆིག་ཁྲི་གསུམ་སྟོང་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་བཅས་ཀྱི་གནས་ཚུལ་བཀོད་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎