བལ་ཡུལ་་སྲིད་བློན་གྱིས་དུས་བབ་སྐོར་ལ་གསུང་གླེང༌།

བལ་ཡུལ་སྲིད་བློན་ནས་ཡུལ་ནང་རྩ་ཁྲིམས་ཟིན་བྲིས་དང་ཞི་འགྲིག་གི་ལས་དོན་མདུན་སྐྱོད་མ་བྱུང་ཚེ་ལས་ཁུར་ནས་དགོངས་ཞུ་གནང་རྒྱུ་ཡིན་སྐོར།

2011.09.14

༄༅༎བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བ་ཏ་རའེ་མཆོག་ནས་བལ་ཡུལ་ནང་རྩ་ཁྲིམས་ཟིན་བྲིས་དང་ཞི་འགྲིག་གི་ལས་དོན་ལ་མདུན་སྐྱོད་མ་བྱུང་ཚེ་ ཁོང་སྲིད་བློན་གྱི་ལས་ཁུར་ནས་ལམ་སེང་དགོངས་ཞུ་གནང་རྒྱུ་ཡིན་སྐོར་གསུངས་པའི་གནས་ཚུལ་ཐོན་འདུག་༎

སྲིད་བློན་བ་ཏ་རའེ་མཆོག་རིང་མིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྐོང་ཚོགས་གནང་རྒྱུའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་༦༥པར་ཚོགས་བཅར་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་རེད་ ཁ་ས་ཚེས་༡༤ཉིན་སྲིད་བློན་གྱི་ལས་ཁུངས་ནང་གསར་འགོད་པའི་འདྲི་བར་ལན་འདེབས་གནང་པའི་སྐབས་ སྲིད་བློན་བ་ཏ་རའེ་མཆོག་གིས་ཁོང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མཐུས་མི་ཚོགས་ཆེན་དུ་ཕེབས་ཐོན་མ་གནང་གོང་བལ་ཡུལ་ནང་ད་ལྟ་འགྲོ་བཞིན་པའི་ཞི་འགྲིག་གི་ལས་དོན་དེར་མདུན་སྐྱོད་ཆེན་པོ་འགྲོ་རྒྱུ་ཡིན་སྐོར་ཞེས་ཡིད་ཆེས་ཆེན་པོའི་ཐོག་ནས་གསལ་འདོན་གནང་འདུག་པ་དང་ ཆབས་ཅིག་གལ་སྲིད་ཁོང་གིས་སྲིད་བློན་ལས་དུས་རིང་བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་དང་རྩ་ཁྲིམས་ཟིན་བྲིས་ཀྱི་ལས་དོན་གཉིས་ལ་མདུན་སྐྱོད་ཆེན་པོ་མ་བྱུང་ཚེ་ ཁོང་སྲིད་བློན་གྱི་ལས་ཁུར་ནས་དགོངས་ཞུ་གནང་རྒྱུའི་གྲ་སྒྲིག་ཡོད་ཅེས་འགྲེལ་བརྗོད་གནང་བཞག་ ཡང་ད་རེས་གསར་འགོད་པ་ལྷན་དང་མཇལ་འཕྲད་འདིའི་སྐབས་ སྲིད་བློན་མཆོག་གིས་དེ་སྔོན་ལོ་ངོ་བཅུ་གྲངས་རིང་བལ་ཡུལ་ནང་མའོ་གྱེན་ལངས་སྒྲིག་འཛུགས་དང་བལ་ཡུལ་གཞུང་དབར་དྲག་པོའི་འཐབ་རྩོད་སྐབས་མའོ་ལྟ་སྤྱོད་འཛིན་པའི་ཆབ་སྲིད་ཤོག་ཁག་ནས་སྤྱི་དང་སྒེར་པའི་ས་ཁང་བཙན་འཕྲོག་བྱས་པ་རྣམས་གང་མགྱོགས་དོ་བདག་སོ་སོར་ཕྱིར་སློག་བརྩིས་སྤྲོད་བྱ་རྒྱུ་དང་ དེའི་ཐད་ སྲིད་བློན་མཆོག་ནས་རྗོང་སྡེ་ལས་ཁུངས་ཁག་ལ་ས་ཁང་ཕྱིར་སྤྲོད་ཀྱི་བརྒྱུད་རིམ་ལམ་སེང་འགོ་འཛུགས་བྱ་དགོས་པའི་བཀའ་ཁྱབ་ཡང་བཏང་ཟིན་ཡོད་ལུགས་གསལ་འདོན་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎