བལ་ཡུལ་ནང་བོད་མིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར།

བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2008.08.07

༄༅༎རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོ་ཚུགས་པའི་སྔ་ནུབ་ཏུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་བལ་པོའི་མི་དམངས་བཅས་ཁྱོན་མི་གྲངས་ཉིས་སྟོང་ཙམ་གྱིས་རྒྱ་ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་རིང་གི་ལས་འགུལ་དེའི་ནང་ལ་དགེ་འདུན་པ་དང་བཙུན་མ་ཡང་མཉམ་ཞུགས་གནང་ཡོད་ཅིང༌། ཁོང་རྣམས་ཀྱིས་ས་སྟོང་ཐོག་ཏུ་བསྡད་དེ་མ་ཎི་འདོན་པ་སོགས་སྨོན་ལམ་འདེབས་བཞིན་པར་འཛམ་གླིང་ཞི་བདེ་སྐྲུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་གྱི་རྣམ་པ་བཏོན་ཡོད་པ་རེད། ཞི་བའི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལོ་ན་༥༤ ཡིན་པའི་བཙུན་མ་ཀརྨ་ལགས་ཞུ་བས་གསར་འགོད་པའི་འདྲི་བར་ལན་འདེབས་བྱས་པའི་ནང༌། བོད་ནང་རྒྱ་ནག་གཞུང་གིས་དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་མི་མང་པོ་ཞིག་བཙོན་འཇུག་བྱས་པ་དང་ལྷག་པར་དུ་ཉེས་རྡུང་དང་མནར་གཅོད་མྱོང་བཞིན་པ་ཚོ་གང་མགྱོགས་གློད་འགྲོལ་ཡོང་ཐབས་དང་བོད་མི་དེ་དག་གང་མགྱོགས་གློད་འགྲོལ་ཡོང་རྒྱུར་འཛམ་གླིང་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར་དམིགས་པའི་ངོ་རྒོལ་ལས་འགུལ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ངོ་རྒོལ་གནང་མཁན་ཚོས་ཕྱག་ཏུ་བལ་པོའི་རྒྱལ་དར་དང་ནང་པའི་དར་ཆ། བོད་ཀྱི་རྒྱལ་དར་སོགས་བསྣམས་པ་དང་ཁོང་ཚོའི་སྡོད་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བཞད་པད་བརྟན་པར་ཤོག་ བོད་ནང་རྒྱ་ནག་གཞུང་གིས་རིག་གཞུང་རྩ་མེད་བཟོ་བའི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་ཞེས་པའི་ཡི་གེ་བྲིས་པའི་སྟོད་གོས་སེར་པོ་མཆོད་ཡོད་པ་རེད། བོད་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༩ ལོར་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཡོང་དགོས་བྱུང་སྟེ་ ད་ལྟའི་ཆར་བལ་ཡུལ་ནང་བོད་མི་བཙན་བྱོལ་བ་ཁྲི་གཉིས་ལྷག་གནས་སྡོད་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎