བལ་ཡུལ་གཞུང་འཛིན་ཚོཌ་པ་ཕྱིར་འཐེན་བྱ་སྲིད་པའི་ཉེན་བརྡ།

བལ་ཡུལ་གྱི་དམག་སྤྱིའི་དཀའ་རྙོག་སེལ་ཕྱོགས་ཐད་དགོངས་འཆར་ལ་གཞུང་འཛིན་མའོ་དམར་ཤོག་ཚོགས་པས་དགོངས་བཞེས་གནང་གལ་ཆེ་ལུཌ།

2009.04.26

༄༅༎བལ་ཡུལ་གྱི་དམག་སྤྱིའི་དཀའ་རྙོག་སེལ་ཕྱོགས་ཐད་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་ཚོགས་མི་ཡོད་པའི་སྲིད་དོན་ཚོགས་པ་བཅུ་བདུན་ཐུན་མོང་གིས་དགོངས་འཆར་ལ་གཞུང་འཛིན་མའོ་དམར་ཤོག་ཚོགས་པས་དགོངས་བཞེས་གནང་གལ་ཆེ་ལུགས་བལ་ཡུལ་ཀོང་རེ་སི་སྲིད་དོན་ཚོགས་པས་གསུངས་གནང་འདུག

བལ་ཡུལ་གཞུང་གི་དམག་སྤྱིར་གསལ་བཤད་སྙན་ཞུ་འབུལ་དགོས་པའི་གཞུང་གིས་བཀའ་ཡིག་བཏང་བ་དེ་བཞིན་ཁྲིམས་གཅོད་གནང་བ་ཡིན་ཞིང་གནད་དོན་འདི་ཐག་གཅོད་གནང་ཕྱོགས་ཐད་སྲིད་དོན་ཚོགས་པ་ཚང་མ་སྤྱི་མོས་ཀྱི་ཐག་གཅོད་གནང་དགོས་པའི་སྐོར་བལ་ཡུལ་གྱི་ཀོང་རེ་སི་སྲིད་དོན་ཚོགས་པས་ནན་སྐུལ་གནང་འདུག བལ་ཡུལ་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་ཁྲིད་རྣམས་རེས་གཟའ་ཉི་མའི་ཉིན་ལྷན་ཚོགས་གནང་བའི་སྙིང་པོར་གཞུང་འཛིན་ཚོགས་པས་གོང་ཞུང་དགོས་འདུན་མ་འགྲུབ་པར་གྲོས་ཚོགས་ལྷན་ཚོགས་གནང་རྒྱུར་འགོག་རྐྱེན་མུ་མཐུད་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། གང་ལྟར་བལ་ཡུལ་གྱི་དམག་སྤྱིའི་གནད་དོན་དེ་གའི་ཐོག་འདས་པའི་དུས་ཡུན་ནང་གྲོས་ཚོགས་ཚོགས་ཐེངས་བཞི་ཙམ་རིང་བལ་ཡུལ་ཀོང་རེ་སི་སྲིད་དོན་ཚོགས་པས་བཀག་འགོག་གནང་ཡོད་པ་རེད། ཡང་བལ་ཡུལ་གཞུང་འཛིན་ཚོགས་པས་དམག་སྤྱི་གནས་དབྱུང་གཏོང་མ་ཐུབ་ན་གཞུང་འཛིན་ནས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། འོན་ཀྱང་ཐོག་མ་ཉིད་ནས་མའོ་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་དམག་སྤྱིར་གསལ་བཤད་དགོས་པའི་བཀའ་ཡིག་བཏང་བ་དེ་ཡང་སྲིད་དོན་གྱི་དགོས་མཁོ་སྒྲུབ་རྒྱུའི་དམིགས་ཡུལ་བཟུང་བ་ཡིན་པར་བལ་ཡུལ་གྱི་ཀོང་རེ་སི་སྲིད་དོན་ཚོགས་པས་གསུངས་གནང་འདུག གང་ལྟར་བལ་ཡུལ་ནང་ཞི་བའི་སྲིད་གཞུང་གི་སྲིད་དབང་མཐོ་ཤོས་ཡིན་པ་སོར་གནས་ཡོང་ཐབས་སུ་དམག་སྤྱི་གནས་དབྱུང་གཏོང་རྒྱུ་ཡིན་ལུགས་མའོ་དམར་ཤོག་ཚོགས་པའི་མགྲིན་ཚབ་པས་གསུངས་གནང་འདུག ཡང་བལ་ཡུལ་གྱི་དྲག་པོའི་སྒྲིག་འཛུགས་ཀྱིས་ངོ་ལོག་སྟེ་ཞི་བའི་སྲིད་གཞུང་ལ་བློ་བུར་གྱེན་ལངས་བྱ་རྒྱུའི་ལྐོག་བྱུས་མེད་ལུགས་བལ་ཡུལ་གྱི་དྲག་པོའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎