བལ་ཡུལ་གྲོས་ཚོཊ་ཀྱི་ཚོཊ་གཙོས་བལ་བོད་དབར་གྱི་ཚོང་འབྲེལ་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་གནང་འདུག

2023.06.17
བལ་ཡུལ་གྲོས་ཚོཊ་ཀྱི་ཚོཊ་གཙོས་བལ་བོད་དབར་གྱི་ཚོང་འབྲེལ་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་གནང་འདུག
ཨེ་ཨེཕ་པི།

ཕྱི་ཟླ་ ༦ ཚེས་ ༡༦ རེས་གཟའ་པ་སངས་ཉིན་བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ Ganesh Prasad Timilsina ཡིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་དོན་ཕྱོགས་ཕེབས་གནང་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཊེང་དང་མཇལ་འཕྲད་ཀྱིས་ད་ཆ་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འགག་སྒོ་ཁག་གསུམ་དུ་ཏོག་དབྱིབས་ནད་ཡམས་ཞི་ལྷོད་དུ་སོང་པའི་རྗེས་སྒོ་མོ་ཕྱེ་ཡོད་པར་བརྟེན།  ས་མཚམས་ཀྱི་འགག་སྒོ་དེ་དག་བརྒྱུད་རྒྱལ་ཁབ་ཕན་ཚུན་དབར་གྱི་ཚོང་འབྲེལ་དང་དཔལ་འབྱོར་མ་འཛུགས་ཀྱི་ལས་དོན་ཁག་རྒྱ་སྐྱེད་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་བལ་ཡུལ་གྱི་ Republica གསར་འགྱུར་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་འདུག གོང་ཞུས་བལ་ཡུལ་དང་རྒྱ་ནག་གི་འགོ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་དེའི་སྐབས་ Ganesh Prasad Timilsina ཡིས་བལ་བོད་ས་མཚམས་ཀྱི་ Korala འགག་སྒོའི་ལས་དོན་གང་མགྱོགས་འགོ་འཛུགས་བྱུང་བ་ཡིན་ན་བོད་ཀྱི་གནས་ཆེན་གངས་རིན་པོ་ཆེར་བསྐྱོད་རྒྱུའི་འགྲུལ་བཞུད་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། དེ་བཞིན་ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་དང་གྲོང་ཁྱེར་པོཀ་ར། བྷཡི་ར་ཝ་བཅས་ཀྱི་དབར་ཐད་ཀར་གནམ་གྲུ་ཕུར་བསྐྱོད་ཀྱི་མཐུན་རྐྱེན་བསྐྲུན་པ་ཡིན་ན་བོད་ཀྱི་གནས་ཆེན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་མཇལ་བར་བསྐྱོད་མཁན་རྒྱལ་ཁབ་ཕན་ཚུལ་དབར་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའང་བརྗོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎