འབར་མའི་ནང་ཆབ་སྲིད་ཚོགས་པ་གསར་པ་ཞིག་འཛུགས་འཆར།

འབར་མའི་དྲག་པོའི་གཞུང་གི་སྲིད་བློན་ཟུར་པ་ཐེན་སེན་གྱིས་ཆབ་སྲིད་ཚོགས་པ་གསར་པ་ཞིག་གསར་འཛུགས་གནང་འཆར་ཡོད་པ།

2010.04.30

༄༅༎འདི་ལོར་འབར་མའི་རྒྱལ་ཡོངས་འོས་བསྡུ་སྤེལ་རྒྱུའི་འཆར་གཞི་ཡོད་པར་བརྟེན་ནས། འབར་མའི་དྲག་པོའི་གཞུང་གི་སྲིད་བློན་གྱིས་ཉེ་ཆར་སྲིད་བློན་ནས་དགོངས་ཞུ་བྱས་པའི་རྗེས། ཁོང་གིས་ཆབ་སྲིད་ཚོགས་པ་གསར་པ་ཞིག་གསར་འཛུགས་བྱ་རྒྱུའི་སྙན་ཞུ་ཕུལ་ཡོད་པའི་སྐོར། དེ་རིང་འབར་མའི་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

གོང་ཞུས་སྲིད་བློན་ཟུར་པ་ཐེན་སེན་དང་ཕྱག་རོགས་མི་སྣ་༢༦མཉམ་རུབ་ཀྱིས།ཆིག་སྒྲིལ་དང་ཡར་རྒྱས་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་གསར་པ་ཞིག་གསར་འཛུགས་བྱ་རྒྱུར་རེས་གཟའ་ཕུར་བུའི་ཉིན་འབར་མའི་རྒྱལ་ས་ནང་དུ་ཡོད་པའི་འོས་བསྡུ་ལྷན་ཁང་དུ་སྙན་ཞུ་ཕུལ་ཡོད་པ་དང་པ་རེད། ཡིན་ནའང་སྲིད་བློན་ཟུར་པ་ཁོང་ཚོགས་པ་དེའི་ཐོག་ནས་རྒྱལ་ཡོངས་འོས་བསྡུའི་ནང་སྲིད་བློན་འོས་མིར་བཏོན་མེད་པ་རེད། འབར་མའི་དྲག་པོའི་གཞུང་གི་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས་ཕེ་རན་སི་གསར་འགོད་པར། ཚོགས་པ་གསར་པ་དེབ་སྐྱེལ་བྱས་ཏེ་སྲིད་བློན་ཟུར་པ་ཐེན་སེན་གྱིས་ཚོགས་པ་སྣེ་ཁྲིད་གནང་གི་རེད་ཅེས་དང༌། ཚོགས་པ་དེའི་ནང་དུ་སོ་ནམ་བློན་ཆེན་དང༌།ཚོང་ལས་བློན་ཆེན་སོགས་བློན་ཆེན་ཁག་ཅིག་འཛུལ་ཞུགས་གནང་གི་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

སྲིད་བློན་ཐེན་སེན་དང་བློན་ཆེན་༢༢ཀྱིས་འདི་ལོར་སྤེལ་རྒྱུའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་ནང་། རྒྱལ་ཁ་ཐོབ་རྒྱུའི་ཆེད་དུ་རེས་གཟའ་ཟླ་བའི་ཉིན་དྲག་པོའི་གཞུང་གི་སྲིད་བློན་དང་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་བྱས་ཡོད་པ་དང། ཡིན་ནའང་འོས་བསྡུའི་ལས་དོན་འདི་ལོར་ག་དུས་སྤེལ་མིན་དུས་ཚོད་གཏན་འབེབས་བྱ་རྒྱུ་ཡིན་པ་རེད། འབར་མའི་དྲག་པོའི་གཞུང་གི་གསར་ཤོག་ཐོག་ལ། འདས་ཟིན་པའི་ཟླ་བ་དེའི་ནང་ལ་ཆབ་སྲིད་ཚོགས་པ་གསར་པ་གསར་འཛུགས་བྱེད་ཀྱི་ཡིན་ཟེར་མཁན་ཚོགས་པ་ཁག་༢༥ སྙན་ཞུ་ཕུལ་ཡོད་པ་དང། དེའི་ནང་ནས་ཚོགས་པ་༡༢ ཀྱིས་དངོས་སུ་ཐོན་ཏེ། འོས་བསྡུའི་རྒྱལ་ཁ་ཐོབ་པའི་དྲིལ་བསྒྲགས་དང་ལས་འགུལ་སྤེལ་བཞིན་ཡོད་པ་དང༌། དེ་འཕྲོས་ཀྱི་ཚོགས་པ་རྣམས་ལ་ཞིབ་འཇུག་བྱེད་མུས་ཡིན་པ་བཀོད་ཡོད་པ་རེད། ཡིན་ནའང་སྐྱོན་བརྗོད་བྱེད་མཁན་ཚོས།འོས་བསྡུའི་ལས་དོན་དེའི་ནང་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨན་སན་སུ་ཅི་ཞུགས་མི་ཆོག་པའི་བཀག་འགོག་བྱས་པ་དེ་ཡིས་འོས་བསྡུ་དེ་དྲང་བདེན་དང་ཡིད་ཆེས་འཕེར་བ་ཞིག་ཡོང་རྒྱུ་མིན་པ་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎