འབར་མའི་ཆབ་སྲིད་བཙོན་པ་ཁག་ཅིག་གློད་འགྲོལ་གཏོང་འཆར།
2011.10.10
༄༅༎འབར་མའི་དྲག་པོའི་སྲིད་གཞུང་གི་གཞུང་འབྲེལ་དཔོན་རིགས་ཚོས་ ད་ནས་བཟུང་ཉི་མ་འགའ་ཤས་ནང་ཆབ་སྲིད་བཙོན་པ་ཐེ་པའི་བཙོན་པ་ཁག་ཅིག་ཉེས་ཡང་གློད་འགྲོལ་གྱི་གསལ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་བྱ་བཞིན་ཡོད་སྐོར་དེ་རིང་བརྗོད་འདུག།
མིང་དོན་གནང་འདོད་མེད་པའི་འབར་མའི་དཔོན་རིགས་ཤིག་གིས་ ཉིན་ཤས་ནང་ཆབ་སྲིད་བཙོན་པ་ཚོ་གློད་བཀྲོལ་གཏོང་རྒྱུ་ཡིན། འོན་ཀྱང་ཚང་མ་གློད་བཀྲོལ་གཏོང་དགོས་མིན་ད་ལྟ་གསལ་པོ་ཤེས་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་བཞག། ཡང་ལས་བྱེད་གཞན་ཞིག་གིས་ འབར་མའི་སྲིད་འཛིན་ཐེཨིན་སེན་རེས་གཟའ་ལྷག་པའི་ཉིན་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་ཕེབས་རྒྱུ་ཡིན་པའི་གོང་དེར་ཡུལ་ནང་གི་ཆབ་སྲིད་བཙོན་པ་ཚོ་གློད་བཀྲོལ་གཏོང་རྒྱུ་ཡིན་སྐོར་གསུངས་བཞག།
འབར་མའི་ཐོག་དཔལ་འབྱོར་གྱི་དམ་བསྒྲཌབཀག་བསྡོམས་གནང་མཁན་ནུབ་ཕྱོགས་རྒྱལ་ཁབ་ཚོས་ འབར་མའི་དམངས་གཙོ་དོན་གཉེར་བ་དང་གསར་འགོད་པ། ཁྲིམས་རྩོད་པ་སོགས་ཐེ་པའི་ཆབ་སྲིད་བཙོན་པ་༢༠༠༠ཙམ་ཡོད་པ་དེ་རྣམས་གློད་བཀྲོལ་དགོས་པའི་དགོས་འདུན་ཡང་སེ་བཏོན་གནང་གི་ཡོད་པ་རེད།