རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབར་མའི་གཞུང་ལ་རེ་འདུན།

འབར་མའི་དྲག་པོའི་གཞུང་ལ་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་པའི་ལས་དོན་མཚམས་འཇོག་དགོས་རྒྱུའི་དགོས་འདུན་བཏོན་འདུག

2010.02.16

༄༅༎རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ནས་འབར་མའི་དྲག་པོའི་གཞུང་གིས་ལོ་འདིའི་ནང་རྒྱལ་ཡོངས་འོས་བསྡུ་མ་གཉེར་གོང་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་བྱེད་པའི་ལས་དོན་མཚམས་འཇོག་དགོས་རྒྱུའི་དགོས་འདུན་བཏོན་འདུག།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབར་མའི་དྲག་པོའི་གཞུང་གིས་གཞུང་ལ་ངོ་རྒོལ་བྱེད་མཁན་འགོག་ཐབས་སུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་པ་ཉེས་མེད་འཛིན་བཟུང་དང་བཙོན་འཇུག་བྱས་པ་དང་གདུག་རྩུབ་མནར་གཅོད་དང་དམར་བསད་བཏང་པ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་རེད།

སྙན་ཐོ་འདི་ནི་འདས་པའི་ལོ་གཉིས་ཀྱི་རིང་ཞིབ་འཇུག་བྱས་པའི་གྲུབ་ཐོ་ཞིག་ཡིན་པ་དང་ ཞིབ་འཇུག་པ་སྦེ་ཇ་མིན་ཛ་ལྦ་ཀིས་འབར་མའི་དྲག་པོའི་གཞུང་གིས་གྲངས་ཉུང་མི་རིགས་དང་དྲག་པོའི་གཞུང་ལ་ཁ་གཏད་བྱེད་མཁན་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་མ་བྱས་པར་ཕྱི་ལོ་༢༠༡༠ལོའི་རྒྱལ་ཡོངས་འོས་བསྡུ་འདི་ཁྲིམས་མཐུན་ཞིག་ཡོང་མི་སྲིད་པ་རེད་ལ་ འོན་ཀྱང་ཁོང་ཚོའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ད་དུང་ཇེ་ཆེར་འགྲོ་སྲིད་རྒྱུར་ང་ཚོར་སེམས་ཚབས་ཆེན་པོ་ཡོད་ཅེས་གསུངས་འདུག།

འབར་མའི་ཤར་ཕྱོགས་ཀྱི་ས་མཚམས་ཁུལ་གནས་པའི་གྲངས་ཉུང་མི་རིགས་ཁག་གཅིག་གིས་འབར་མའི་གཞུང་ལ་ལོ་མང་རིགས་དྲག་པོའི་འཐབ་རྒོལ་བྱེད་བཞིན་ཡོད་པ་རེད།

དྲག་པོའི་གཞུང་གི་འགོ་འཁྲིད་ཚོས་ཕྱི་ལོ་༢༠༡༠ལོར་རྒྱལ་ཡོངས་འོས་བསྡུ་གཉེར་རྒྱུའི་གསལ་བསྒྲགས་བྱས་ཡོད་ན་ཡང་དུས་ཚོད་ད་དུང་ཡང་གཏན་འབེབས་བྱས་མེད་ལ་ དྲག་པོའི་གཞུང་གི་ཁ་གཏད་གཙོ་བོ་འབར་མའི་མང་གཙོའི་ལས་འགུལ་གྱི་དབུ་འཁྲིད་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨང་སང་སུ་ཅི་གཙོས་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ལས་འགུལ་བ་མང་དག་ཅིག་ད་དུང་ཡང་བཙོན་ཁང་ནང་ཡོད་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎