འབར་མའི་ནང་གྲངས་ཉུང་མི་རིགས་ལ་དྲག་རྩུབ་ལག་བསྟར།
2011.11.29
༄༅༎འབར་མའི་ནང་ཆབ་སྲིད་བཅོས་བསྒྱུར་བྱེད་བཞིན་པའི་རྣམ་པ་ཤུགས་ཆེ་ཡོད་མིན་ལ་མི་ལྟོས་པར་ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཐོག་ད་དུང་གདུག་རྩུབ་དྲག་སྤྱོད་ཤུགས་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག།
ཨེ་པི་གསར་ལས་ཁང་གིས་གནས་ཚུལ་ཞིག་སྤེལ་བ་དེའི་ནང་འབར་མའི་དཔུང་དམག་གིས་ འབར་མའི་ནང་གི་གྲངས་ཉུང་མི་རིགས་རང་དབང་འཐབ་རྩོད་བྱེད་མཁན་གྱི་གྲངས་ཉུང་མི་རིགས་ཚོའི་ཐོག་འབར་མའི་དཔུང་དམག་གིས་མུ་འཐུད་དྲག་སྤྱོད་ཤུགས་ཆེ་ལག་བསྟར་བྱེད་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་ཁག་གིས་བརྗོད་བཞིན་ཡོད་པའི་གནས་ཚུལ་ལུང་འདྲེན་བྱས་འདུག།
རིང་མིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ ཧི་ལ་རི་ཀིལན་ཊན་འབར་མར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་གཏན་འཁེལ་བ་དང་་ ཕྱི་རྒྱལ་གྱི་དཔོན་རིཌ་འབར་མའི་ནང་ཕེབས་འཆར་ཡོད་པ་ཚོས་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ་དེ་དག་ངེས་པར་མཁྱེན་རྟོགས་ཡོད་པའི་ཐོག་ནས་འབར་མའི་གཞུང་དང་བཀའ་བསྡུར་གནང་དགོས་སྐོར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།