འབར་མའི་གཞུང་ནས་ཡུལ་ནང་མུ་མཐུད་དམ་བསྒྲགས་བྱེད་པ།

འབར་མའི་དྲག་པོའི་གཞུང་གིས་མང་གཙོའི་ལས་དོན་སྤེལ་མཁན་མི་སྣ་ཚོའི་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

2008.10.08

༄༅༎འབར་མའི་དྲག་པོའི་གཞུང་གིས་ཡུལ་ནང་མང་གཙོའི་ལམ་ལུགས་སྤེལ་རྒྱུ་ཡིན་ལུགས་ཕྱི་བསྒྲགས་བྱེད་བཞིན་པ་དང་ཆབས་ཅིག་ཏུ་མང་གཙོའི་ལས་དོན་སྤེལ་མཁན་མི་སྣ་ཚོའི་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད་ཅེས་མང་གཙོ་ལས་འགུལ་ཚོགས་པའི་མགྲིན་ཚབ་པས་བརྗོད་འདུག

འབར་མའི་རྒྱལ་ཡོངས་མང་གཙོ་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་ཡིས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་གནང་བར་གཞིགས་ན་ཕྱི་ལོ་༢༠༡༠ལོའི་ནང་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཕྱི་བསྒྲགས་དང་སྦྲགས་འབར་མའི་དྲག་པོའི་གཞུང་གིས་ཡུལ་ནང་མང་གཙོའི་ལམ་ལུགས་སྤེལ་རྒྱུ་ཡིན་པ་རྒྱལ་སྤྱིའི་ནང་ཕྱི་བསྒྲགས་བྱེད་བཞིན་ཡོད་རུང་དོན་དངོས་སུ་འབར་མའི་ནང་མང་གཙོའི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་བརྗོད་ཡོད་པ་རེད་ ཡང་ཁོང་གིས་མུ་མཐུད་གསུང་ན་ན་ནིང་ཕྱི་ཟླ་དགུ་པ་ནས་བཟུང་འབར་མའི་ནང་མང་གཙོའི་ལས་འགུལ་སྤེལ་མཁན་མང་པོ་ཞིག་དྲག་པོའི་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ནས་ཉུང་ཐར་མི་གྲངས་གསུམ་བཅུ་ཙམ་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཁྲིམས་ཐག་བཅད་པའི་སྐབས་བཙོན་འཇུག་ལོ་ཚད་གཉིས་དང་ཕྱེད་ཀ་ཙམ་བཟོས་ཡོད་པ་རེད་ དེའི་ནང་ནས་མང་ཆེ་བ་རྒྱལ་ཁབ་ནང་མང་གཙོའི་ལས་འགུལ་སྤེལ་མཁན་དང་འབར་མའི་དྲག་པོའི་གཞུང་གི་སྲིད་བྱུས་ལ་ཐད་ཀར་ངོ་རྒོལ་གནང་མཁན་གྱི་མི་སྣ་ཤ་ཏག་ཡིན་པས་དྲག་པོའི་གཞུང་ནས་ཁོང་ཚོས་རྒྱལ་ཁབ་བརྟན་ལྷིང་མེད་པའི་བྱ་སྤྱོད་སྤེལ་གྱི་ཡོད་པར་ཉེས་བཙུགས་བྱས་ནས་ལོ་གཉིས་དང་ཕྱེད་ཀ་བཙོན་འཇུག་བྱས་ཡོད་པ་རེད་ཅེས་དང་ལྷག་པར་དུ་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཅི་མཆོག་ཀྱང་འདས་པའི་ལོ་བཅུ་དགུའི་ནང་ནས་ལོ་བཅུ་གཉིས་རིང་བཟང་བཙོན་འོག་ཏུ་མུ་མཐུད་འཇུག་མུས་རེད་ཅེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎