ནོར་ལྦེ་ནས་འབར་མར་འགྲོ་བསྐྱོད་ཐུབ་པའི་མི་སྣ་ཞིག་སྐོར་།

ནོར་ལྦེ་ནས་འབར་མའི་མི་རིགས་ཤིག་རང་ཡུལ་དུ་བཅོས་སྒྱུར་དངོས་འབྲེལ་ཡིན་མིན་གཟིགས་པར་ཕེབས་ཐུབ་ཡོད་པ་རེད།

2012.03.26

༄༅༎ནོར་ལྦེ་ནང་རྟེན་གཞི་བྱས་པའི་འབར་མའི་དམངས་གཙོའི་སྐད་སྒྲ་ཞེས་པའི་རླུང་འཕྲིན་གྱི་འགན་འཛིན་ཨའེ་ཆེན་ནེང་ལ་དེ་སྔའི་འབར་མའི་དྲག་པོའི་གཞུང་གིས་ཡུན་རིང་པོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཡིན་པར་ངོས་འཛིན་བྱས་ཡོད་ནའང༌། ད་ཆ་ཁོང་ལོ་ཉི་ཤུ་རྩ་གྲངས་རྗེས་རང་ཡུལ་དུ་ཐེངས་དང་པོ་ཕྱིར་ལོག་གནང་སྐབས་ཁོང་འཛིན་བཟུང་བྱས་པ་འམ་ཁོང་ལ་བསུན་བཙིར་སོགས་བཏང་བའི་གནས་ཚུལ་བྱུང་མེད་པ་རེད།
གནམ་ཐང་ནས་ཕྱིར་ཐོན་སྐབས་ཕྱི་མི་གཞིས་ཆག་ལས་ཁུངས་ཀྱི་ཉེན་རྟོག་པས་ཨའེ་ཆེན་ནེང་ལ་ལས་ཀ་ག་བར་བྱེད་མིན་སྐོར་དྲི་ཞིབ་བྱས་པ་ལས། དེ་མིན་བསུན་པོ་མ་བཟོས་པར་རྣམ་འགྱུར་ཡག་པོ་བཏོན་ནས་བཏང་འདུག།
འབར་མའི་དམངས་གཙོའི་སྐད་སྒྲ་ཞེས་པའི་རླུང་འཕྲིན་ཁང་གིས་ འཛམ་གླིང་ནང་ནས་དྲག་པོའི་གཞུང་གི་དབང་སྒྱུར་དམ་ཤོས་འོག་གནས་པའི་རྒྱལ་ཁབ་འབར་མའི་ནང་ལོ་༢༠ཙམ་གྱི་རིང་རང་དབང་ལྡན་པའི་གསར་འགྱུར་རྒྱང་སྲིང་གནང་ཡོད་ཅིང༌། རླུང་འཕྲིན་ཁང་དེའི་འགན་འཛིན་ལོ་མང་རྗེས་འགོག་རྐྱེན་མེད་པར་རང་ཡུལ་དུ་ འབར་མའི་ནང་གི་བཅོས་སྒྱུར་དེ་དངོས་འབྲེལ་ཡིན་མིན་གཟིགས་པར་ཕེབས་ཐུབ་ཡོད་པ་རེད། ཟླ་བ་འདིའི་ཚེས་ཤར་ནང་འབར་མའི་གཞུང་གིས་ཨའེ་ཆེན་ནེང་ལ་དུས་ཡུན་ཐུང་ངུའི་ཐོངས་མཆན་སྤྲད་ནས་ཁོང་འབར་མའི་ནང་ཉིན་གྲངས་ལྔའི་རིང་ཕེབས་ཡོད་པ་ལྟར། ད་ཆ་ཁོང་གིས་ནོར་ལྦེའི་རྒྱལ་ས་ཨོསི་ལོའོ་ནས་ཨེ་པི་གསར་ལས་ཁང་གི་བཅར་འདྲིར་ལན་འདེབས་གནང་སྐབས། དེ་ནི་དངོས་ནས་ངས་ལོ་༢༠གོང་མཐོང་མ་མྱོང་བའི་གནས་ཚུལ་ཞིག་རེད། མང་ཚོགས་ཀྱི་རེ་བ་ཆེན་པོ་བྱེད་ཀྱི་འདུག། འོན་ཀྱང་མི་མང་ཚོས་འདས་ཟིན་་པའི་གནས་ཚུལ་བརྗེད་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎