འབར་མའི་ནང་བརྒྱུད་ལམ་ཁག་ཅིག་གི་ཐོག་ལྷོད་དུ་བཏང་བ།
2011.12.11
༄༅༎འབར་མའི་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་ཉིན་མོའི་སྔ་སྣུབ་ཏུ་གསར་འགོད་རང་དབང་གུ་ཡངས་བཏང་མེད་ཀྱང་དུས་དེབ་དང་སྙན་དེབ་དཔེ་དེབ་ཁག་ཅིག་དཔར་སྐྲུན་གྱི་དམ་བསྒྲགས་ཆུང་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་མི་ཡན་མར་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། གཞུང་གིས་དུས་དེབ་དང་སྙན་དེབ་དཔེ་དེབ་སོགས་རྣམ་གྲངས་ལྔ་ཅུ་ང་བཞིའི་ནང་དོན་ད་ཆ་གཞུང་ནས་བཀའ་འཁྲོལ་ཞུ་མི་དགོས་པར་དཔར་སྐྲུན་བྱེད་ཆོག་པའི་བཀོད་ཁྱབ་བཏང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག འབར་མའི་དྲག་པོའི་གཞུང་གིས་སྔ་ལོ་རྒྱལ་ཡོངས་འོས་བསྡུའི་རྗེས་སུ་རྒྱལ་ཁབ་ནང་བཟང་ཕྱོགས་ཀྱི་འགྱུར་བ་རིམ་པ་བཏང་ནས་རྒྱལ་སྤྱིའི་ཀྱིས་གཞུང་ལ་གཟིགས་ཕྱོགས་ཇེ་བཟུང་དུ་གཏོང་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད་ཉེ་ལམ་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལི་རི་ཁེལིནྜིན་མཆོག་འབར་མའི་ནང་གཟིགས་ཆེད་གདན་ཞུ་གནང་ཡོད་རེད།