རྒྱལ་ཚོཌ་ཀྱི་སྐུ་ཚབ་ཀྱིས་འབར་མའི་གཞུང་གསར་པར་འབོད་སྐུལ།

འབར་མའི་ནང་འགྲོ་བ་མའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྒྱུ་ཕྲན་བུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

2011.05.25

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་སྐུ་ཚབ་ཀྱིས། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་འབར་མའི་གཞུང་གསར་པ་བཙུགས་པ་དེའི་ཐོག་ནས་འབར་མའི་ནང་འགྲོ་བ་མའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་རྒྱུ་ཕྲན་བུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་སྐུ་ཚབ་སྐུ་ཞབས་ཏོ་མ་སེ་ཨོ་ཇ་ཁིན་ཏ་ན་(Tomas Ojea Quintana)ཡིས་རེས་གཟའ་ཟླ་བའི་ཉིན་ཐའེ་ལེན་དྲིའི་རྒྱལ་ས་སྦེང་ཀོཀ་དུ་གསར་འགོད་འདུ་འཛོམས་ཐོག་ འབར་མའི་ནང་ན་ནིང་གྲོས་ཚོགས་གསར་པ་འོས་འདེམས་བྱས་པ་དང་མི་དམངས་ཀྱི་གཞུང་གསར་པ་བཙུགས་པ་དེ་འབར་མའི་དྲག་པོའི་གཞུང་གི་དབུ་ཁྲིད་ཚོས་རྒྱལ་ཁབ་དམངས་གཙོའི་ཕྱོགས་སུ་གོམ་སྟབས་སྤོ་རྒྱུའི་རྨང་གཞིའི་ལས་དོན་ལ་་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་རུང་ད་དུང་ཡང་དམངས་གཙོར་བསྐྱོད་པར་ཡར་རྒྱས་མང་པོ་ཞིག་གཏོང་དགོས་ཀྱི་ཡོད་ཅིང༌། འབར་མའི་ཤར་ཕྱོགས་ས་མཚམས་ས་ཁུལ་དུ་མུ་མཐུད་དྲག་འཐབ་ཡོད་མུས་ཡོད་པ་མ་ཟད། དེའི་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་གྲངས་ཉུང་མི་རིགས་ཚོའི་ས་ཞིང་བཙན་འཕྲོག་བྱེད་པ་དང༌། བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་དུ་གཏོང་བ། མི་དམངས་ལ་བརྡབས་བསིག་བཟོས་ཏེ་བཙན་དབང་གིས་གནས་ནས་སྤོ་རུ་བཅུག་པ། ཁྲིམས་བཤེར་མ་བྱས་པར་གང་བྱུང་དུ་དམར་གསོད་གཏོང་བ། བཙན་གཡེམ་གྱི་གདུག་རྩུབ་ནི་མུ་མཐུད་བྱེད་ཀྱི་ཡོད་པ་དེའི་ཚོའི་ཐོག་ཡར་རྒྱས་གཏོང་དགོས་པའི་སྐོར་གསུང་ཡོད་པ་རེད། འབར་མའི་གཞུང་གིས་ད་ལྟའི་ཆར་སྐུ་ཞབས་ཁིན་ཏ་ན་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་ནང་འཚམས་འདྲིར་ཕེབས་རྒྱུར་འདོད་པ་མི་བྱེད་པ་དང༌། ཁོང་ད་རེས་ཐའེ་ལེནདྲི་དུ་གཟའ་འཁོར་གཅིག་རིང་འཚམས་འདྲིར་ཕེབས་པའི་སྐབས་ཐའེ་ལེནདྲ་ནང་དུ་ཡོད་པའི་འབར་མའི་སྐྱབས་བཅོལ་བ་ཚོར་འཚམས་འདྲི་གཟིགས་སྐོར་དུ་ཕེབས་ཏེ། བཀའ་མོལ་ཡང་གནང་ཡོད་ཅིང༌། ཐའེ་ལེནདྲ་ནང་དུ་འབར་མའི་སྐྱབས་བཅོལ་བ་འབུམ་གཅིག་ལྷག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎