འབར་མའི་ནང་གསར་འགོད་རང་དབང་དགོས་པའི་འབོད་སྐུལ།

འབར་མའི་ནང་གསར་འགོད་རང་དབང་ལ་དམ་དྲག་བྱེད་རྒྱུའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པའི་དགོངས་ཚུལ་གསུངས་ཡོད་འདུག

2011.10.08

༄༅༎འབར་མའི་ནང་གསར་འགོད་རང་དབང་ལ་དམ་དྲག་བྱེད་རྒྱུའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པའི་དགོངས་ཚུལ་གསུངས་ཡོད་འདུག
དེ་ཡང་འབར་མའི་གཞུང་གི་གསར་འགྱུར་ལས་དོན་ཐོག་རྟོག་ཞིབ་དང་དེབ་སྐྱེལ་བྱེད་ཡུལ་གྱི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཀྲིན་ སེ་ལྦེ་ནས་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འབྲེལ་ཡོད་ཚན་པས་བཅར་འདྲི་དང་ལན་སྐབས་གསུངས་པར་ལྟར་ན། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་འགའ་ཤས་ནང་གི་ལམ་ལུགས་ལྟར། ད་ཆ་ང་ཚོའི་རྒྱལ་ཁབ་ནང་དུའང་གསར་འགོད་ཐོག་དམ་དྲག་བྱེད་རྒྱུའི་ཁྲིམས་གཞི་མཁུ་བསྡུ་བྱེད་ནས་གསར་འགོད་རང་དབང་སྤྲོད་དགོས་ཀྱི་རེད་བསམ་གྱི་འདུག ཡིན་ནའང་གསར་འགྱུར་བརྒྱུད་ལམ་གྱི་ཚན་པ་དང་། པར་སྐྲུན་ཁང་ཚོས་ཀྱང་དེར་གཞིགས་པས་འགན་འཁྲི་ཡང་འཁྱེར་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག ཡང་ཁོང་གིས་མུ་མཐུད་ནས། ཉེ་ཆར་ནས་གཞུང་གི་ངོས་ནས་སྲིད་བྱུས་ལྷུག་ཏུ་བཏང་བའི་ཐོག་མང་གཙོ་ཚོགས་པའི་ལྕམ་ཨང་སན་སུ་ཅི་མཆོག་གི་སྐོར་གསར་འགྱུར་བཀོད་རྒྱུར་དམིགས་བསལ་དམ་དྲག་བྱེད་ཀྱི་མེད་པ་ལྟར་མ་འོངས་པར་ཡང་གསར་འགོད་རང་དབང་ཆེ་ཙམ་སྤྲོད་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་འདུག སྤྱིར་བཏང་ལོ་འདིའི་ནང་ནས་བཟུང་གཞུང་གི་ལངས་ཕྱོགས་འཛིན་སྟངས་མང་གཙོའི་ལམ་ལུགས་སུ་གོམ་པ་མདུན་བསྐྱོད་ཀྱི་རྣམ་པ་གསལ་པོ་ཆགས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཡན་གུན་ནང་ཡོད་པའི་གསར་འགོད་པ་ཞིག་གིས། ཨེ་ཨེཕ་པིའི་གསར་འགྱུར་ལས་ཁང་ནས་གནས་ཚུལ་འདིའི་སྐོར་བསམ་ཚུལ་འདྲི་བའི་སྐབས། ཉེ་བའི་ཆར་ནས་བཟུང་སྲིད་གཞུང་གི་གསར་འགྱུར་བཀོད་ཕྱོགས་ལ་ལྷུག་ཏུ་བཏང་ཡོད་པ་དངོས་འབྲེལ་རེད་ལ་མ་འོངས་པར་དམ་དྲག་བྱེད་རྒྱུའི་ཁྲིམས་གཞི་མཁུ་བསྡུ་གཏོང་རྒྱུ་ཡིན་ལུགས་དགོངས་ཚུལ་བཏོན་པ་དེ་ནི་དགའ་བསུ་ཞུ་འོས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎