ཕན་བདེ་གཞིས་གྲོང་ལེགས་འགྲུབ་དབུ་འབྱེད་དང་ཁང་པ་རྣམས་བགོ་འགྲེམས་གནང་འདུག

2023.05.31
ཕན་བདེ་གཞིས་གྲོང་ལེགས་འགྲུབ་དབུ་འབྱེད་དང་ཁང་པ་རྣམས་བགོ་འགྲེམས་གནང་འདུག ཕན་བདེ་གཞིས་གྲོང་ལེགས་འགྲུབ་དབུ་འབྱེད་སྐབས། ༠༥།༣༠།༢༠༢༣
CTA

ཟླ་བ་འདིའི་ཕྱི་ཚེས་༣༠ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་སུ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་ཕྱིས་སུ་འབྱོར་བའི་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་༤༠གསར་རྒྱག་ལེགས་གྲུབ་ཟིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ནང་སྲིད་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། དེ་བཞིན་ལས་འཆར་འགན་འཛིན་ཟུང་དྲུང་བསྟན་འཛིན་མཁྱེན་རབ་ལགས། གཞན་ཡང་འདོད་རྒུ་གླིང་ས་གནས་འགོ་འཛིན་གྱི་གཙོས་ལས་སྣེ་པ་རྣམས་ལྷན་ཞུགས་གནང་འདུག་ལ། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་ལགས་ཀྱིས་སྡོད་ཁང་གསར་རྒྱག་གི་ལས་གཞི་དེ་ནི་བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་བའི་སྐབས་ཀྱི་ལས་འཆར་ཞིག་ཡིན་པ་ད་ཆ་ལེགས་འགྲུབ་བྱུང་བ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། སྡོད་ཁང་བཞི་བཅུའི་ནང་ནས་ནང་མིག་ཆུང་བ་༢༤ཁེར་རྐྱང་ངམ་ནང་མི་གཉིས་ཅན་རྣམས་ལ་བགོ་འགྲེམས་དང་། ཁང་མིག་ཆེ་བ་༡༦ནང་མི་གཉིས་ལས་མང་བའི་ཁྱིམ་ཚང་ལ་བགྲོ་འགྲེམས་གནང་ཡོད་པ་དང་། གཞིས་གྲོང་གསར་རྒྱག་གི་ལས་གཞིའི་འགྲོ་གྲོན་ཁྱོན་ཧིན་སྒོར་བྱེ་བ་༤་༢༩ཡིན་པ་གཙོ་བོ་བོད་མིའི་སྒྲིག་འཛུགས་དང་གཞན་རོགས་ཚོགས་སྡེ་ཚན་དང་ས་གནས་ཀྱི་དགོན་སྡེ་ཁག་གི་ཞལ་འདེབས་ལས་བྱུང་ཡོད་འདུག་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་སྡེ་གསར་པ་དེའི་མིང་ཕན་བདེ་གཞིས་གྲོང་ཞེས་གསོལ་བསྩལ་གནང་ཡོད་འདུག

Inside-Campus-1024x683-1.jpeg
སྤྱི་ལོ་༢༠༡༠ཙམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་གཙོས་བོད་མི་སྡོད་ཁང་མ་རག་པ་རྣམས་ལ་ཧི་མ་ཅལ་མངའ་སྡེའི་སྦིར་ཁུལ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ། དེ་བཞིན་ལྡེ་ར་ལྡུན་དང་ཀུ་ལུ་བཅས་ས་གནས་ཁག་བཞིའི་ནང་སྡོད་ཁང་གསར་རྒྱག་གི་ལས་གཞི་སྤེལ་འགོ་ཚུགས་ཡོད་པ་རེད། སྐབས་འདིའི་བཀའ་ཤག་གི་ངོས་ནས་མ་འོངས་པར་བོད་མི་རྣམས་ཁ་འཐོར་དུ་མི་འགྲོ་བར་གཞིས་ཆགས་ཁག་གི་ནང་མཉམ་གནས་ཐུབ་རྒྱུར་དམིགས་ཡུལ་གྱི་ལས་འཆར་འདྲ་མིན་ཞིག་བཀོད་སྒྲིག་གནང་ཡོད་པ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་གསུངས་བྱུང་།

350342236_.jpg
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་མཆོག་ཟླ་བ་འདིའི་ཕྱི་ཚེས་༢༩ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཏེ། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཁག་ནང་ཕྱོགས་བསྐྱོད་ཀྱིས་གཞིས་ཆགས་ཁག་ནང་གི་ལས་འཆར་ཁག་ལ་རྟོག་ཞིབ་དང་རྒན་གསོ་ཁང་ལ་གཟིགས་སྐོར། མཉམ་འབྲེལ་འགན་འཐུས་རྣམ་པ་ཐུགས་འཕྲད་གནང་རྒྱུ་མ་ཟད།་ད་དུང་གཞིས་ཆགས་ཀྱི་ནང་ས་ཞིང་འདེབས་ལས་གནང་ཕྱོགས་དང་ཁོར་ཡུག་དང་འབྲེལ་བའི་གནས་སྟངས་སོགས་ཀྱི་ཐད་རྒྱུས་ལོན་གྱིས་མང་ཚོགས་ལ་དེ་འབྲེལ་བཀའ་མོལ་གནང་རྒྱུ་ཡིན་འདུག
ད་རེས་ནང་སྲིད་དྲུང་ཆེ་དང་ལྷན་དུ་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་ནང་སྲིད་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་གཉིས་ཡོད་ཅིང་། ཁོང་རྣམ་པ་མོན་གྷོ་དང་ཧོན་སུར། དེ་བཞིན་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་དང་ཀོ་ལེ་གྷལ། གཞན་ཡང་སྦེང་ལོར་བཅས་ཀྱི་ནང་ཕྱོགས་བསྐྱོད་གནང་ཏེ་ཕྱི་ཟླ་༦པའི་ཕྱི་ཚེས་༡༢ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་གི་ཡོད་པ་རེད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎