རྒྱ་གར་གྱི་བཙོན་དུ་ཡོད་པའི་དྲག་སྤྱོད་པའི་ཞུ་འབོད།

མུམ་སྦའེ་ནང་གཏོར་རྒོལ་ཚབས་ཆེ་གཏོང་མཁན་བྱེད་གཏེ་མོ་ཧ་མེརྡ་ལ་བཀལ་བའི་སྲོག་ཐོག་གི་ཉེས་ཆད་ཕྱིར་འཐེན་དགོས་པའི་ཞུ་འབོད།

2011.07.29

༄༅༎༢༠༠༨ ལོར་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་ཚབས་ཆེ་གཏོང་མཁན་བྱེད་གཏེ་མོ་ཧ་མེརྡ་ཡིས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུགས་ཀྱིས་ཁོང་ལ་བཀལ་བའི་སྲོག་ཐོག་གི་ཉེས་ཆད་ཕྱིར་འཐེན་བྱ་དགོས་པའི་ཞུ་འབོད་བྱེད་ཀྱི་ཡོད་པ་རེད།

དེ་རིང་རེས་གཟའ་པ་སངས་ཉིན་ཁྲིམས་ཁང་གི་གནས་ཚུལ་འབྱུང་ཁུངས་ཤིག་གིས། ཕེ་རན་སི་གསར་འགྱུར་ལས་ཁང་ལ། མོ་ཧ་མེརྡ་ཨཇ་མལ་ཨ་མི་ཀ་སབ་ཀྱིས། ཞུ་འབོད་དེ་ནི་མུམ་སྦའེ་ཡི་བཙོན་ཁང་གི་དཔོན་རིགས་བརྒྱུད་དེ་ཁྲིམས་ཁང་དུ་ངེས་འབྱོར་བྱུང་བའི་སྐོར་གསུང་ཡོད་ཅིང༌། མོ་ཧ་མརྡ་ནི་པ་ཀི་སི་ཏན་གྱི་ཁོངས་ཡིན་པ་དང༌། དེ་སྔ་༢༠༠༨ ལོར་གྲོང་ཁྱེར་མུམ་སྦའེ་དུ་གཏོར་རྒོལ་ཚབས་ཆེ་བཏང་སྟེ་མི་གྲངས་༡༦༦ རྐྱེན་ལམ་དུ་གཏོང་མཁན་གྱི་དྲག་སྤྱོད་པ་བཅུའི་ནང་ནས་གཅིག་ཡིན་པ་དང༌། ༢༠༠༨ གྱི་དོན་རྐྱེན་བྱུང་བ་ནས་བཟུང་མུམ་སྦའེ་ཡི་བཙོན་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་པ་མ་ཟད། ༢༠༡༠ ལོའི་ཕྱི་ཟླ་ལྔ་པའི་ནང་མུམ་སྦའེ་ཁྲིམས་ཁང་ནས་ཉེས་ཅན་པ་དེ་དག་ནང་ནས་དང་པོར་ཁྲིམས་བཤེར་བྱས་ཏེ་ཉེས་བསག་གི་ཐག་གཅོད་བྱས་ཡོད་པ་རེད། ཁོང་ལ་སྲོག་ཐོག་གི་ཁྲིམས་ཐག་ཉེས་ཆད་བཏང་བའི་གནས་ཚུལ་དེ་བདེན་པ་ཡིན་པའི་སྐོར་ཕྱི་ཟླ་གཉིས་པའི་ནང་རྒྱ་གར་གཞུང་གི་མཐོ་རིམ་ཁྲིམས་ཁང་ནས་བསྐྱར་དུ་གསལ་བཤད་གནང་ཡོད་པ་རེད། རྒྱ་གར་་ནང་སྲོག་ཐོག་གི་ཉེས་ཆད་ཟེར་བ་ཧ་ཅང་གི་ཉུང་ཉུང་ཡིན་ཞིང༌། ཧ་ལམ་མེད་པ་ལྟ་བུ་ཡིན་པ་མ་ཟད། སྲོག་ཐོག་བཏང་བ་ཡང་ཧ་ཅང་གི་ཉུང་ཉུང་ཡིན་པ་རེད། མོ་ཧ་མརྡ་ནི་ལོ་ན་༢༣ ་དང༌། པ་ཀི་སི་ཏན་མངའ་འོག་གི་པན་ཇབ་མངའ་སྡེའི་དབུལ་པོའི་ཁྱིམ་ཚང་ནས་སློབ་གྲ་ཡང་ཁུངས་མ་འཁྱོལ་བ་ཞིག་ཡིན་ཞིང༌། ཁོང་ལ་མུམ་སྦའེ་བཙོན་ཁང་གི་ཁྲིམས་ཁང་དུ་ཁྲིམས་བཤེར་བྱེད་པའི་སྐབས། རྒྱ་གར་ལ་ཁ་གཏད་ཀྱི་དམག་འཐབ་བྱས་པ་དང༌། མི་བསད་པ། མི་བསད་པའི་བྱ་སྤྱོད་ལག་བསྟར་བྱེད་ཐབས་བྱས་པ། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་སྤེལ་བ་སོགས་ཀྱི་ཉེས་བསག་གི་ཐག་གཅོད་གནང་བ་དང༌། ཁྲིམས་བཤེར་བྱེད་པའི་སྐབས་ཁྲིམས་གཏུགས་པས་དཔང་རྟགས་སུ། ཁོང་གི་མཛུབ་མོའི་རི་མོ་དང༌། དངོས་སུ་མཐོང་མཁན་གྱི་མི་སྣ། བརྙན་འཕྲིན་ལས་ཁང་སོགས་ཀྱིས་༢༠༠༨ ལོའི་ཕྱི་ཟླ་༡༡ པའི་ཚེས་༢༦ ཉིན་མུམ་སྦའེ་དུ་གཏོར་རྒོལ་སྐབས་མུམ་སྦའེ་ཡི་རི་ལིའི་བབས་ཚུགས་ལྟེ་གནས་དུ་གཏོར་རྒོལ་དང་མེ་འཕེན་བྱེད་མཁན་གྱི་བྱེད་གཏེ་གཙོ་བོ་ཡིན་པའི་ར་སྤྲོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎