རྒྱལ་སྤྱིའི་ཨོ་ལིམ་པིཀ་ཡི་དཔལ་འབར་ཇོ་མོ་གླང་མའི་སྟེང་འཁྱེར་རྒྱུར་སྐྱོན་བརྗོད་གནང་བ།
2008.04.17
༄༅༎རྒྱལ་སྤྱིའི་ཨོ་ལིམ་པིཀ་ཡི་དཔལ་འབར་ཇོ་མོ་གླང་མའི་སྟེང་འཁྱེར་རྒྱུར་སྐྱོན་བརྗོད་གནང་འདུག རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲེན་གྱི་དཔལ་འབར་དེ་བཞིན་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་རི་བོ་ཇོ་མོ་གླང་མའི་སྟེང་འཁྱེར་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཡིན་པར་རི་འཛེགས་པ་སྙན་གྲགས་ཅན་མེས་ནར་ནས་ཀྱང་སྐྱོན་བརྗོད་གནང་འདུག དེ་ཡང་ཨིཊ་ལི་སྙན་གྲགས་ཅན་གྱི་རི་འཛེག་པ་སྐུ་ཞབས་རེན་ཧོལདྲ་ མེས་ནར་ མཆོག་ནས་འཇར་མན་གྱི་གསར་འགྱུར་བརྒྱུད་ལམ་ཞིག་ལ་གསུངས་པ་ཞིག་ད་རིང་བཀོད་ཐོན་བྱུང་བར་ལྟར་ན། ཁོང་གིས་ཕྱི་ལོ་ ༡༩༥༡་ ལོར་བཙན་འཛུལ་བྱས་པའི་ཧི་མ་ལ་ཡའི་མངའ་ཁུལ་འདིའི་རིག་གཞུང་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས་ཀྱི་རེད་གསུངས་པ་དང༌། ཆབས་ཅིག་རྒྱ་ནག་གཞུང་གི་ངོས་ནས་ཨོ་ལིམ་པིཀ་ཡི་དཔལ་འབར་ཇོ་མི་གླང་མའི་སྟེང་འཁྱེར་རྒྱུ་དེ་ཡང་དགོད་བྲོ་བའི་འཁྲབ་སྟོན་ལྟ་བུ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག།