སྐྱེ་རྒུ་མདོའི་དགོན་པ་ཁག་བསྐྱར་གསོ་མཇུག་བསྒྲིལ་རན་པ།
2011.04.17
༄༅༎སྔ་ལོ་བོད་ཤར་ཕྱོགས་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་སྐབས་གནོད་སྐྱོན་བྱུང་བའི་དགོན་སྡེ་ཁག་༦༢བསྐྱར་ཏུ་ཉམས་གསོ་དང་འཛུགས་བསྐྲུན་གྱི་ལས་གཞི་མཇུག་སྒྲིལ་རན་ཡོད་པའི་གནས་ཚུལ་ཐོན་འདུག
ཡུལ་ཤུལ་ལམ་ སྒ་སྐྱེ་རྒུ་མདོར་སྔ་ལོ་ས་ཁུལ་དེར་ས་ཡོམ་འགུལ་ཚད་བདུན་དང་གྲངས་ཆུང་གཅིག་རྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་བྱུང་ཡོད་ཀྱང་ད་ལོ་སྐབས་དེར་གནོད་སྐྱོན་བྱུང་བའི་དགོན་སྡེ་ཁག་༦༢ད་ལོ་ཉམས་གསོའི་ལས་གཞི་མཇུག་སྒྲིལ་ཟིན་ཡོད་པ་མ་ཟད། དེ་མིནདགོས་སྡེ་ཁག་ཉི་ཤུ་རྩ་ལྔའི་སྒྲོམ་གཞི་ཡང་འདི་ལོ་མཇུག་སྒྲིལ་བྱེད་རྒྱུ་ཡིན་ལུགས་ས་གནས་ཀྱི་འགན་འཛིན་ལྦང་ཧུ་ཡུ་ཡིས་གསུངས་ཡོད་པ་གཞུང་འབྲེལ་ཧྭིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ཉམས་གསོའི་ཆེད་རྒྱ་སྒོར་ཐེར་འབུམ་གཅིག་གམ་ཨ་རིའི་ཌོ་ལར་ས་ཡ་༡༥༩་མིན་ཙམ་ཟུར་འཇོག་ཡོད་འདུག སྔ་ལོ་ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་གྱི་ས་ཡོམ་བྱུང་ཡུལ་སྒ་སྐྱེ་རྒུ་མདོའི་ཡུལ་མི་ཉིས་སྟོང་བདུན་བརྒྱ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་རེད། མི་འབོར་འབུམ་གསུམ་དང་ཁྲི་ལྔ་(༣༥༠༠༠༠)ཡོད་པ་ནས་མང་ཆེ་བ་བོད་པ་ཡིན་པ་རེད། གནས་ཚུལ་ནང་ཐོན་པར་གཞིགས་ན་ ས་ཡོམ་ནང་དགོན་པ་༨༧ལ་གནོད་སྐྱོན་བྱུང་ཡོད་པ་དང་ དེ་མིན་བཅུ་རྩ་མེད་དུ་བཏང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།