མི་སྣ་སྙན་གྲགས་ཆེ་ཤོས།


2013.05.30
༸གོང་ས་མཆོག་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་དང་དགའ་མོས་ཆེ་ཤོས་ཀྱི་མི་སྣའི་གྲས་ངོས་འཛིན་ཞུས་འདུག
ལས་རིམ་གོ་སྒྲིག་གནང་མཁན་གྱི་དྲ་གནས།

༄༅།    །ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཧ་རི་སི་པོལ་ (Harris Poll) ཞེས་པའི་དྲ་གནས་ཐོག་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་ཤིག་བཀོད་ཡོད་པ་དང་།  ལས་འཆར་འདི་ནི་ཕྱི་ཟླ་ལྔ་པའི་ཚེས་ ༨ ནས་ ༡༥ བར་ཕ་རན་སི་དང་། ཨིན་ལན། སི་པན། ཨི་ཊ་ལི། ཨ་མི་རི་ཀ་བཅས་ཀྱི་ནང་ལོ་བཅོ་བརྒྱད་ཡན་གྱི་མི་སྣ་ ༧༢༤༥ གྱི་བསམ་ཚུལ་བསྡུ་རུབ་གནང་བའི་གྲུབ་འབྲས་ཤིག་ཡིན་པ་རེད། ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་ནང་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ། དེ་བཞིན་ཡེ་ཤུའི་བླ་ཆེན་Francisཕ་རན་སི་སི་མཆོག་བཅས་ནི་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་དང་དགའ་མོས་ཆེ་ཤོས་ཀྱི་མི་སྣར་ངོས་འཛིན་ཞུས་ཡོད་པ་རེད། ཨ་རིའི་ནང་བསམ་ཚུལ་བསྡུས་པའི་མི་བརྒྱ་ཆ་ ༦༤ ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྙན་གྲགས་ཆེ་ཤོས་ལ་ངོས་འཛིན་ཞུས་ཡོད་པ་དང་། དེ་ནས་ཡེ་ཤུའི་བླ་ཆེན་ཕ་རན་སི་སི་མཆོག་ལ་དགའ་མོས་བྱེད་མཁན་བརྒྱ་ཆ་ ༦༡ བྱུང་བ། སྲིད་འཛིན་ཨོ་བྷ་མ་ལ་དགའ་མོས་བྱེད་མཁན་བརྒྱ་ཆ་ ༥༡ བྱུང་བ་སོགས་བཀོད་བཞག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎