ནུབ་ཕྱོགས་ཆེད་ལས་པ་རྒྱ་གར་ནང་ལས་ཀ་འཚོལ་བཞིན་པ།

རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་སྐབས་འདིར་ནུབ་ཕྱོགས་ཀྱི་ཆེད་ལས་པ་རྒྱ་གར་ནང་ལས་ཀ་འཚོལ་མཁན་མང་དུ་འགྲོ་བཞིན་པ།

2011.10.09

༄༅༎འབྱོར་ལྡན་རྒྱལ་ཁབ་ཚོའི་ནང་དཔལ་འབྱོར་ཉམས་གུད་ཀྱིས་ལས་མེད་ཀྱི་དཀའ་ངལ་ཆེ་བའི་སྐབས་འདིར་ནུབ་ཕྱོགས་ཀྱི་ཆེད་ལས་པ་རྒྱ་གར་ནང་ལས་ཀ་འཚོལ་མཁན་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་པི་ཊི་ཨེ་(Press Trust of India) ཞེས་པའི་རྒྱ་གར་གྱི་བཟོ་ལས་ཁག་གི་སྙན་ཐོ་གསར་པ་ཞིག་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།  ད་ཆ་རྒྱ་གར་ནང་ཨ་མེ་རི་ཀ་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཆེད་ལས་པ་ ཁྲི་བཞི་ཡོད་པ་དང་། སྔ་ལོ་ཕྱི་མི་རྒྱ་གར་ནང་ལས་ཀ་འཚོལ་མཁན་བརྒྱ་ཆ་༡༥ནས་ཉི་ཤུ་བར་འཕར་ཡོད་འདུག། རྒྱ་གར་ནང་ལས་ལ་འཚོལ་མཁན་མང་ཆེ་བ་སོ་སོའི་རྒྱལ་ཁབ་ནང་ལས་ཀ་ཤོར་བ་དང་ཁྲལ་ཆེ་བ་སོགས་རྒྱུ་མཚན་དྲངས་ཀྱི་ཡོད་འདུག། རྒྱུ་མཚན་གཞན་ཞིག་ནི་ རྒྱ་གར་ནང་ལས་ཀ་བྱེད་མྱོང་ཡོད་པ་དེས་སླད་ཕྱིན་ཆད་ནས་རྒྱལ་ཁབ་གཞན་ནང་ལས་ཀ་འཚོལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། ཆེད་ལས་པ་མང་ཆེ་བ་དངུལ་ཁང་དང་མོ་ཊའི་བཟོ་གྲ་སྣམ་བཟོ་ཁང་བཅས་སུ་འཛུལ་ཞུགས་བྱེད་ཀྱི་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎