རྒྱ་གར་ནས་སློབ་གཉེར་བྱས་ནས་ཡོང་མཁན་ཚོར་རྒྱ་ནག་གིས་དམ་དྲག


2018.06.08
བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨ བོད་ནང་གི་དགོན་སྡེ་ཁག་ལ་རྒྱ་ནག་གིས་ཏང་གི་སློབ་གསོ་སྤྲོད་བཞིན་པ། ༢༠༡༨
བོད་འབྱོར།

བྱེས་ཀྱི་གདན་ས་ཁག་དུ་སློབ་གཉེར་རྗེས་ཕྱིར་བོད་ནང་དུ་སོང་ནས་སྡོད་མཁན་རྣམས་སོ་སོའི་ས་གནས་ཀྱི་དགོན་པར་ཚོགས་ཞུགས་བྱེད་དུ་འཇུག་གི་མེད་པ་རེད།
རྒྱ་གར་ནང་ཡོད་པའི་གདན་ས་གསུམ་དང་དེ་མིན་གྱི་དགོན་སྡེ་ཁག་ནང་སློབ་གཉེར་གནང་སྟེ་བོད་དུ་ཕྱིར་ལོག་གནང་མཁན་གྱི་དགེ་འདུན་པ་ཚོའི་ཐོག་རྣམ་པ་འདྲ་མིན་གྱི་ཐོག་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་ཅིང་།  ཟླ་བ་འགའ་ཤས་སྔོན་ལི་ཐང་དགོན་དུ་ཕྱག་དཔེའི་དགེ་རྒན་གཉིས་ལ་ཕྱག་དཔེ་སློབ་འཁྲིད་མི་ཆོག་པའི་དམ་དྲག་བྱས་པ་དང་། ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་མདོ་ས་ཁུལ་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འགྲེལ་བརྗོད་བྱས་པར་ལྟར་ན།  ཨ་མདོ་བླ་བྲང་དགོན་པའི་ནང་རྒྱ་གར་ནས་ཕྱིར་ལོག་གནང་མཁན་གྱི་དགེ་འདུན་པ་ཁག་གཅིག་ཚོགས་ཞུགས་བྱེད་མི་ཆོག་པའི་དམ་དྲག་ཡང་བཀེལ་ཡོད་འདུག
ཉེ་བའི་འཆར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གིས་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་ལ་སློབ་གཉེར་གྱིས་བོད་དུ་ཕྱིར་ལོག་གནང་མཁན་གྱི་དགེ་འདུན་པ་ཚོ་ནི་ནོར་འཁྲུལ་གྱི་སློབ་གསོ་ཐེབས་པ་ཞིག་ཏུ་ངོས་འཛིན་བྱས་པ་དང་། ཁོང་ཚོས་གཞན་ལ་སློབ་གསོ་ངན་པ་སྤྲོད་པའི་ཤུགས་རྐྱེན་བཟོ་སྲིད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཨ་མདོ་བླ་བྲང་དགོན་དུ་ཆོས་ཞུགས་བྱེད་མི་བཅུག་པའི་དགེ་འདུན་པ་དེ་དག་མི་འདོད་བཞིན་དུ་རང་ཁྱིམ་དུ་འགྲོ་དགོས་ཆགས་འདུག་པར་མ་ཟད། ཁོང་ཚོར་ལྟ་ཞིབ་ནན་པོ་དང་འདྲི་བརྩད་སོགས་བྱེད་དེ་བསུན་བཙིར་བཟོ་བཞིན་ཡོད་འདུག
ད་དུང་བོད་ནས་གནས་ཚུལ་མཁོ་སྤྲོད་པ་དེས།  དེང་སྐབས་བོད་རིགས་གཞུང་གི་ལས་བྱེད་པ་དགོན་པར་སྐོར་བ་རྒྱག་མཁན་དགེ་འདུན་པ་ཚོར་གཉེར་བཀུར་ཞུ་མཁན་ཇེ་ཉུང་དུ་ཕྱིན་ཡོད་འགྲེལ་བརྗོད་གནང་པར་མ་ཟད།  ཆབ་སྲིད་བཙོན་ཟུར་ཚོ་སྤྱི་ཚོགས་ཐོག་འགྲོ་བསྐྱོད་ལ་ཡང་དོ་དམ་ནན་པོ་བྱེད་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎