བཙུན་མར་བཙན་གཡེམ་གྱི་ཉེས་འཛུགས་ལ་ངོས་ལེན་བྱས་མི་འདུག


2018.08.02
རྒྱ་ནག་གི་(Longquan) དགོན་པ་ཟེར་བའི་མཁན་པོ་(Xuecheng) རྒྱ་ནག་གི་(Longquan) དགོན་པ་ཟེར་བའི་མཁན་པོ་(Xuecheng)
AFP

རྒྱ་ནག་གི་ནང་པའི་དགོན་པ་ཞིག་གི་མཁན་པོས་བཙུན་མ་རྣམས་ལ་བཙན་གཡེམ་བྱེད་ཐབས་བྱས་པའི་ཉེས་འཛུགས་བྱས་པ་དེ་ལ་ངོས་ལེན་གནང་མི་འདུག
དེ་ཡང་སྤྱི་ཟླ་༨པའི་ཚེས་༢ཉིན་(AFP) གསར་འགྱུར་ལང་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ནང་པའི་དགོན་པ་གྲགས་ཅན་(Longquan) དགོན་པ་ཟེར་བའི་མཁན་པོ་(Xuecheng)ཞུ་བས་བཙུན་མ་ཁག་ཅིག་ལ་ཆགས་པ་བྱེད་པའི་ཆེད་དུ་གནོན་ཤུགས་སྤྲད་ཡོད་པའི་སྐོར་གཟའ་འཁོར་འདིའི་ནང་དགོན་པ་དེའི་དགེ་འདུན་པ་ཟུར་པ་གཉིས་ཀྱིས་ཤོག་གྲངས་༩༥ཀྱི་ཡིག་ཐོག་ཏུ་བཀོད་ནས་སྤྱི་ཚོགས་ནང་བཏོན་ཡོད་པ་དང༌། དེའི་ནང་མཁན་པོ་དེས་བུད་མེད་མ་མཐར་༦ལ་ཆོག་མཆན་མེད་པར་གློག་འཕྲིན་བཏང་ནས་ཆགས་པ་བྱེད་པར་བློ་སེམས་འགུག་ཐབས་བྱས་པ་དང་བཙན་ཤུགས་ཀྱིས་སྐུལ་འདེད་དང་འཇིགས་བསྐུལ་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དེ་ལ་ད་རེས་གཟའ་ལྷག་པའི་ཉིན་དགོན་པ་དེས་ངོས་ལེན་བྱས་མེད་པ་དང་། ཉེས་འཛུགས་དེ་དག་ནི་དཔང་རྟགས་རྫུན་བཟོ་བྱས་ཏེ་དགོན་པའི་མཁན་པོ་ལ་མིང་འཕྱས་ངན་པ་བཟོ་ཐབས་དང་། དགོན་པའི་མཚན་ཐོངས་ལ་གནོད་སྐྱོན་གཏོང་ཐབས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཚད། རྒྱ་ནག་གཞུང་དང་ཆོས་དོན་ལྷན་ཁང་གིས་དེའི་ཐོག་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་ཏེ་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཡང་མཁན་པོ་ལ་ཉེས་འཛུགས་ཀྱི་སྙན་ཐོ་དང་དེའི་སྐོར་སྤྱི་ཚོགས་དྲྭ་ལམ་བཀོད་པ་དེ་དག་ཕྱིར་བཏོན་ཡོད་པ་དང༌། ཡང་རྒྱ་ནག་གི་གཞུང་འབྲེལ་(Global Times)འམ་གོ་ལའི་དུས་བབ་ཟེར་བའི་གསར་འགྱུར་བརྒྱུད་ལམ་ཐོག་གཞུང་གི་འབྲེལ་ཡོད་དབང་འཛིན་པ་ཚོས་རྒྱ་མིའི་གོང་ཞུས་དགོན་པ་དེའི་མཁན་པོ་(Xuecheng)ཞུ་བ་ཁོང་འདྲི་རྩད་ཆེད་དུ་བཀའ་འགུག་བྱས་པའི་རྗེས་སུ་གློད་ཡོད་འདུག
མཁན་པོ་(Xuecheng)ཁོང་ནི་རྒྱ་ནག་ཏུ་ནང་པ་ཚོའི་ནང་གྲགས་ཅན་གྱི་མི་སྣ་ཞིག་ཡིན་པ་དང༌། སྤྱི་ཚོགས་བརྒྱུད་ལམ་ཐོག་ཁོང་ལ་བལྟ་མཁན་མི་མང་ས་ཡ་མང་པོ་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎