རྒྱལ་སྤྱིའི་བརྒྱུད་ལམ་ཐོག་སྤྲུལ་སྐུ་བསོད་སྦའི་ཞལ་ཆེམས་བཀོད་པ།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་ལ་དོ་སྣང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

2012.02.03

༄༅༎མགོ་ལོག་གི་སྤྲུལ་སྐུ་བསོད་སྦ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེག་བཏང་བའི་སྐུ་དཔར་དང་ཞལ་ཆེམས་ཀྱི་སྒྲ་བཅུག་འཁོར་ཐག་ཕྱི་ཕྱོགས་སུ་ཐོན་པའི་རྗེས་ད་ཆ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་བོད་ནང་ བོད་མིའི་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་ལ་དོ་སྣང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད་
དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ད་རེས་མགོ་ལོག་སྤྲུལ་སྐུ་བསོད་སྦ་ལགས་ཀྱིས་སྐུ་ལུས་མེར་མཆོད་ཀྱི་སྔོན་ཞལ་ཆེམས་ཀྱི་ནང་དོན་བཅས་ཀྱི་སྐོར་གནས་ཚུལ་སྤེལ་བཞིན་ཡོད་པ་དང་ འདི་ནང་ཁོང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་ཀྱིས་བོད་ཀྱི་ཆོས་སྲིད་ཀྱི་མཛད་འཁུར་བཞེས་ཐུབ་པའི་སྨོན་འདུན་གནང་བའི་གནས་ཚུལ་ཁག་བཀོད་ཡོད་པ་རེད་
དགུང་གྲངས་༤༢་ལ་ཕེབས་པའི་མདོ་སྨད་མགོ་ལོག་སྤྲུལ་སྐུ་བསོད་སྦ་ལགས་ཀྱིས་ཟླ་བ་སྔོན་མའི་ཚེས་བརྒྱད་ཉིན་དར་ལག་རྫོང་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་སྲོག་བློས་བཏང་སྟེ་སྐུ་གཤེགས་ཡོད་པ་དང་ ཁོང་གིས་ཕྱི་ནང་བོད་མི་མང་ཚོགས་ལ་ཞལ་ཆེམས་ཀྱི་སྒྲ་བཅུག་འཁོར་ཐག་ཅིག་བཞག་ཡོད་པར་སྒྲ་བཅུག་འདི་དེ་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མཁོ་སྤྲོད་བྱུང་བར་ ཁོང་གི་ཞལ་ཆེམས་སྒྲ་བཅུག་ནང་རྒྱལ་ཞེན་གྱི་བླ་སྤྲུལ་ཐམས་ཅད་སྐུ་ཚེ་ཞབས་པད་བརྟན་པ་། ཁྱད་པར་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་རྡོ་རིང་ཚུལ་མངའ་གསོལ་ཏེ་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་ཞེས་༸གོང་ས་མཆོག་ལ་ གསོལ་འདེབས་སྨོན་ཚིག་མང་པོ་སྐྱོར་ཡོད་པ་རེད་
ཡང་ཁོང་གིས་ཞལ་ཆེམས་ནང་བོད་མི་རིགས་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་རྒྱུ་དེ་ དཔའ་བོ་དཔའ་མོ་ཚང་མས་མཛད་རྗེས་ལས་ཡོང་དགོས་ན་ ཁྱེད་ཚང་མས་ཁ་མཐུན་གྲོས་མཐུན་བྱེད་དགོས་པ་ལས་ས་རྩོད་དང་ཆུ་རྩོད་སོགས་མི་དགེ་བའི་བྱ་བ་ངན་པ་མི་བྱེད་པར་ མཐུན་ལམ་གྱི་སྒོ་ནས་ལོ་ཆུང་ཚོས་བཅུ་ཕྲག་རིག་གནས་ལ་སྦྱོང་བ་དང་ ལོ་ལོན་པ་ཚོས་ རང་རང་གི་ངག་རྒྱུན་སོགས་སྲོལ་དང་ཡི་གེ་ སྐད་རིགས་ཉམས་རྒུད་དུ་འགྲོ་རུ་མ་འཇུག་པར་གང་ནུས་ཅི་ཐུབ་བྱེད་དགོས་པ་དང་། བོད་མིའི་བདེ་དོན་དང་ འགྲོ་བ་མི་རིགས་ཆེད་ཆོས་ཡང་དག་པ་ཞིག་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎