སྒང་ཐོག་ཏུ་སེམས་དང་སྲོག་གི་ཚན་རིག་ཚོགས་འདུ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྒང་ཐོག་ཏུ་སེམས་དང་སྲོག་གི་ཚན་རིག་ཚོགས་འདུར་དབུ་བཞུགས་མཛད་འདུག

2010.12.22

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྒང་ཐོག་ཏུ་སེམས་དང་སྲོག་གི་ཚན་རིག་ཚོགས་འདུར་དབུ་བཞུགས་མཛད་ཏེ་ནང་ཆོས་དང་དེང་དུས་ཚན་རིག་དབར་ཕན་ཚུན་སློབ་སྦྱོང་བྱེད་ཡས་ཡོད་པའི་སྐོར་བཀའ་སྩལ་འདུག

རྣམ་རྒྱལ་བོད་ཀྱི་ཤེས་རིག་ཁང་གི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་གཉིས་པའི ཚེས་༢༠ནས་༢༣བར་ཚུགས་གནང་བའི་སེམས་དང་སྲོག་གི་ཚན་རིག་ཚོག་འདུར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཏེ་བཀའ་སློབ་སྩལ་ཡོད་ཅིང་ཐེངས་འདིའི་ཚན་རིག་པའི་ལྷན་དུ་བགྲོ་གླེང་གི་བརྗོད་གཞི་ནི་སེམས་ཀྱི་ལྟ་གྲུབ་དང་དེང་དུས་ཚན་རིག་གཉིས་དབར་སྤྱི་ལ་སྨན་པའི་འབྲེལ་ལམ་ཇི་ཡོད་སྐོར་གྱི་བརྗོད་གཞིའི་ཐོག་རྒྱལ་ཡོངས་ཕྱི་ནང་མཁས་པའི་བགྲོ་གླེང་ཚོགས་ཆེན་ཞིག་ཡིན་པ་དང་ཚོགས་འདུ་དེའི་ཐོག་མཁས་དབང་ཁག་དང་ འབྲས་ལྗོངས་མངའ་སྡེ་གཞུང་གི་བློན་ཆེན་གྲོས་ཚོགས་ཀྱི་འཐུས་མི་འཛིན་སྐྱོང་འགོ་ཁྲིད་ དེ་བཞིན་སྐུ་མགྲོན་སོགས་མི་གྲངས་༦༠༠ལྷག་ཙམ་ལྷན་འཛོམས་གནང་ཡོད་ཅིང་ ལྷན་ཚོགས་ཀྱི་ཐོག་མར་འབྲས་ལྗོངས་གཞུང་གི་དྲུང་ཆེ་ཆེན་མོ་རྡོ་རྗེ་ལགས་ནས་༧གོང་ས་མཆོག་ལ་འཚམས་ཞུ་དང་སྦྲགས་ཕེབས་བསུའི་གསུང་བཤད་གནང་ཡོད་པ་དང་ དེ་ནས་ཕྱི་རྒྱལ་གྱི་ཚན་རིག་མཁས་དབང་སྐུ་ཞབས་སྦི་ཨེ་ལེན་ལྦ་ལེ་སི་དང་ རི་ཆ་དྲི་ཌེ་ལྦི་དྲི་སེན་རྣམ་གཉིས་ནས་རིམ་པས་པར་གྱི་ལམ་ནས་ནང་ཆོས་དང་ཚན་རིག་གི་ལམ་ནས་སེམས་དང་སྲོག་ལ་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་སྐོར་དང་ཡུན་རིང་ཉམས་ཞིབ་བྱསཔའི་ཀླད་པའི་བྱེད་ལས་སོགས་ཀྱི་སྐོར་སྙན་སྒྲོན་ཞུས་ཡོད་པ་རེད་    སེམས་དང་སྲོག་གི་ཚན་རིག་ལྷན་ཚོགས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སེམས་དང་སྲོག་གི་ཚན་རིག་ཚོགས་འདུའི་ཐོག་བཀའ་སློབ་སྩལ་བའི་ནང་བར་ལམ་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱས་ཡོད་པ་དང་ ༧གོང་ས་མཆོག་སྐུ་བྱིས་པའི་དུས་ནས་ཚན་རིག་དང་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དོ་དབྱིངས་ཆེན་པོ་ཡོད་པ་ཞིག་ཡིན་པ་བཀའ་སྩལ་ཡོད་པ་དང་དེ་བཞིན་དེང་རབས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླིང་འཚོགས་རྒྱུ་དེ་ནི་ཕན་ཚུན་བློ་སྐྱེད་ཐོབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོདཔ་དང་ལོ་བཞི་བཅུའི་གོང་ཨ་རི་བ་ནང་པའི་གྲོགས་པོ་ཁག་ཅིག་གིས་དེང་རབས་ཀྱི་ཚན་རིག་པའི་ལྷན་དུ་བགྲོ་གླེང་དང་གྲོས་བསྡུས་བྱེད་སྐབས་གཟབ་གཟབ་བྱེད་དགོས་པ་ཡིན་ ཚན་རིག་ནི་ཆོས་ལུགས་གཏོར་རྐྱེན་བཟོ་མཁན་གཙོ་བོ་དེ་རེད་ཅེས་བརྗོད་བྱུང་བར་ངོས་ནས་བསམ་བློ་ཡང་ཡང་གཏོང་སྐབས་ ནང་ཆོས་ནི་ཀླུ་སྒྲུབ་ཡབ་སྲུས་སོགས་ནྭ་ལེན་ཊའི་མཁས་དབང་རྣམས་ཀྱིས་བརྟག་ཅིང་དཔྱད་པའི་ཐོག་ནས་གནད་དོན་དངོས་གང་ཡིན་གཏན་ལ་ཕབ་པ་ཞིག་རེད་ལ་ བཅོམ་ལྡན་འདས་སྐུ་ངོ་མས་བརྟག་ཅིང་དཔྱད་པའི་ཐོག་ནས་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པས་གུས་པ་བྱེད་དགོས་པ་དང་ འཛམ་གླིང་ཞི་བདེ་སྐྲུན་རྒྱུར་ཆོས་ལུགས་དང་ཚན་རིག་མཐུན་མོངས་ཐོག་ནས་བྱ་སྤྱོད་སྤེལ་ཏེ་སྒྲུབ་ཐུབ་རྒྱུ་ལས་སྨོན་ལམ་གཅིག་པུ་རྒྱབ་ནས་སྒྲུབ་ཐབས་མེད་པ་སོགས་བཀའ་སློབ་ཟབ་པོ་སྩལ་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎