བོད་དུ་ས་ཞིང་འདེབས་ལས་ལ་བསྒྱུར་བཅོས་བྱུང་ཚུལ།

དེང་རབས་ཅན་གྱི་ས་ཞིང་འདེབས་ལས་ཀྱི་ཡོ་ཆས་བོད་ཀྱི་གྲོང་གསེབ་ས་ཁུལ་དུ་མཁོ་འདོན་བྱས་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

2012.05.08

༄༅༎དེང་རབས་ཅན་གྱི་ས་ཞིང་འདེབས་ལས་ཀྱི་ཡོ་ཆས་བོད་ཀྱི་གྲོང་གསེབ་ས་ཁུལ་དུ་མཁོ་འདོན་བྱས་པ་དེ་ཡིས་ས་གནས་ཞིང་པ་ཚོའི་སོ་ནམ་འདེབས་ལས་ལ་བསྒྱུར་བཅོས་ཆེན་པོ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་གི་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
ཤིང་ཧྰ་གསར་ཤོག་དེའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་པ་སྣམ་གྲོང་ཚོའི་ཞིང་པ་པདྨ་དོན་གྲུབ་ཀྱིས། ཞིང་པའི་སོ་ནམ་འདེབས་ལས་ཀྱི་ཡོ་ཆས། ས་སློག་རྒྱབ་མཁན་གྱི་འཕྲུལ་ཆས། སོན་རྩ་འདེབས་ལས་ཀྱི་འཕྲུལ་ཆས་སོགས་ལག་ཆ་རྣམས་དེང་དུས་ཅན་གྱི་ཡོ་ཆས་གསར་པར་བསྒྱུར་བཅོས་བྱུང་བ་དེ་ཡིས། བོད་རིགས་ཞིང་པ་ཚོའི་ས་ཞིང་ལག་པས་འདེབས་ལས་བྱེད་མི་དགོས་པ་མ་ཟད། ས་ཞིང་རྨོ་རྒྱབ་པར་དུས་རྒྱུན་གཟའ་འཁོར་དྲུག་འགོར་གཞི་ཡོད་པ་ནས་ཉིན་གྲངས་༡༢ ནང་རྒྱབ་ཐུབ་པ་སོགས་རྨོས་རྒྱབ་པའི་དུས་ཚོད་ཀྱང་ཐུང་དུ་ཕྱིན་ཏེ་ཞིང་པ་ཚོའི་སོ་ནམ་འདེབས་ལས་ལ་སྟབས་བདེ་རུ་ཕྱིན་ཡོད་ཚུལ་དང༌། ད་དུང་སོ་ནམ་འདེབས་ལས་ཀྱི་འཕྲུལ་ཆས་དེ་རྣམས་ནི། ས་ཞིང་རྨོ་རྒྱབ་པའི་སྐབས་དང༌། སོན་འདེབས་པའི་དུས། སྟོན་ཐོག་རྔ་བའི་དུས་ཚོད་སོ་སོར་གཞུང་གིས་ཞིང་པར་རིན་འབབ་ལེན་ཏེ་གཡར་པོ་གཏོང་གི་ཡོད་པ་ཡིན་ཞིང༌། འོན་ཀྱང་གཞུང་གིས་འཕྲུལ་ཆས་གཡར་བའི་རིན་འབབ་ནས་བརྒྱ་ཆ་དྲུག་ཅུ་ཆག་ཡང་གཏོང་གི་ཡོད་ཚུལ་འགྲེལ་བརྗོད་བྱས་པ་ལུགས་འདྲེན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎