འཛམ་གླིང་མཛངས་མའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན།
2011.09.13
༄༅༎ཨ་ཕེ་རི་ཀའི་ཁུལ་གྱི་ཨན་གོ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛངས་མ་ལེ་ལ་ལོ་པེསི་ལ་རེས་གཟའ་ཟླ་བའི་ཉིན་ཁོང་གི་མཛེས་པའི་བྱད་བཞིན་དང༌། རྣམ་དཔྱོད་རྩལ་གྱི་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་ཏེ། འདི་ལོའི་འཛམ་གླིང་གི་ས་གཞི་རི་མོ་དེའི་སྟེང་གི་མཛངས་མར་བདམས་ཡོད་པ་རེད།
ལོ་ན་༢༥ ཡིན་པའི་མཛངས་མ་ལེ་ལ་ལོ་པེསི་ཞུ་བ་ནི། ཨན་གོ་ལ་རྒྱལ་ཁབ་ཀྱི་མཚོ་ཁའི་གྲོང་ཁྱེར་གེན་གུའེ་ལ་ནང་སྐྱེས་ཤིང༌། ཁོང་སྦེ་རེ་ཛིལ་ དུ་འཛམ་གླིང་གི་ས་གཞི་དེའི་སྟེང་གི་མཛངས་མ་འདེམས་པའི་འགྲན་བསྡུར་ནང་ཞུགས་པ་ལྟར། ཁོང་ལ་འདྲི་ཞིབ་པའི་ཐོག་མའི་འདྲི་བའི་ནང༌། ཁྱེད་རང་གི་ལུས་ཀྱི་བྱད་གཟུགས་ལ་འགྱུར་ལྡོག་གཏོང་དགོས་པ་ག་རེ་གཟིགས་ཀྱི་འདུག་གམ་དྲིས་པར། ཁོང་གིས་ད་ལྟ་ག་རེ་ཡོད་པ་དེར་འགྲིག་ཡོད་པས་འགྱུར་བ་གཏོང་དགོས་པ་མིན་འདུག་ཅེས་ལན་འདེབས་བྱས་པ་དང༌། ཡང༌མཛེས་མ་ཟེར་བ་ནི། ནང་སེམས་ཀྱི་མཛེས་མའི་ཡོན་ཏན་ཡར་རྒྱས་གཏོང་དགོས་པ་དུས་རྟག་ཏུ་སེམས་ལ་བཅངས་དགོས་པ་ངས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ལན་འདེབས་བྱས་པ་མ་ཟད། ཁོང་རང་གི་ཁྱིམ་ཚང་ནས་བཟང་སྤྱོད་ཀྱི་སློབ་གསོ་དང༌། གསོ་སྐྱོང་ལེགས་པོ་བྱས་པའི་རྩ་ཆེའི་ལེགས་བྱ་ཐོབ་པ་དེ་དག་མི་ཚེའི་མཐའ་མཇུག་དེ་ལམ་དེའི་ཐོག་ཤར་བསྐྱོད་བྱ་རྒྱུའི་འཆར་གཞི་ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད།
མཛངས་མ་ལེ་ལ་ལོ་པེ་སི་ཡིས། འཛམ་གླིང་ས་གཞི་དེའི་སྟེང་གི་མཛངས་མའི་འགྲན་བསྡུར་ཐེངས་༦༠ དེའི་ནང་མཉམ་ཞུགས་བྱས་ཏེ། འདི་ལོ་ཐེངས་༦༠ པའི་མཛངས་མའི་རྒྱལ་ཁ་ཐོབ་པ་ཞིག་ཡིན་ཞིང༌། མཛངས་མའི་འགྲན་བསྡུར་དེར་ལོ་ལྟར་བཞིན་འཛམ་གླིང་ནང་བརྙན་འཕྲིན་ཐོག་མི་དམངས་ས་ཡ་མང་པོས་བལྟ་གི་ཡོད་པ་དང༌།
འགྲན་བསྡུར་དེའི་ནང་འཛམ་གླིང་ཁག་ནང་མཛངས་མ་མཉམ་ཞུགས་བྱེད་མཁན་ཚོས་ལུས་ལ་ཆུ་བསྐྱལ་གྱི་གོས་གྱོན་པ་ནས་འདྲི་ཞིབ་པའི་འདྲི་བ་ཁག་ལ་རང་གི་རྣམ་དཔྱོད་ལྡན་པའི་ལན་འདེབས་བྱ་དགོས་པ་སོགས་ལུས་ཀྱི་བྱད་གཟུགས་དང་རྣམ་དཔྱོད་གཉིས་ཀའི་འགྲན་བསྡུར་རྣམ་གྲངས་མང་པོ་བྱེད་དགོས་པ་དང༌། མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་མཁན་སོ་སོའི་ངོས་ནས་འདྲི་ཞིབ་པ་དང་མི་དམངས་ལ་རང་ཉིད་ངོ་སྤྲོད་བྱ་རྒྱུ་དང༌། འདྲི་ཞིབ་པའི་འདྲི་བ་དཀའ་ཚེགས་ཆེན་པོ་དེ་འདྲར་ལན་འདེབས་བྱ་དགོས་པའི་ལམ་ནས་འདེམས་ཐོན་བྱེད་ཀྱི་ཡོད་པ་རེད།