རྒྱ་ནག་གིས་བོད་ལ་དོན་དམ་གྱི་རང་སྐྱོང་གི་གནས་བབ་སྤྲོད་དགོས།


2015.01.30
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་སྙན་སེང་ཞུ་བཞིན་པ། ༢༠༡༣།༡༢།༥ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་སྙན་སེང་ཞུ་བཞིན་པ། ༢༠༡༣།༡༢།༥
པར། བོད་མི་སྒྲིག་འཛུགས

བོད་འདི་འཛིན་སྐྱོང་གཅིག་གི་འོག་ཤེས་ཡོན་སློབ་གསོ་དང་། ཆོས་དང་རིག་གཞུང་སོཊ་བོད་མི་རང་ངོས་ནས་ཐག་གཅོད་བྱ་རྒྱུའི་འགན་དབང་སྤྲོད་དགོས།
དེ་ཡང་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དེང་སང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་རིགས་སློབ་ཕྲུག་གནས་ཡུལ་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་ཡོད་པ་དང་། ཚེས་༣༠ཉིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རིགས་སློབ་མའི་མཐུན་ཚོགས་ཀྱིས་གོ་བསྒྲིགས་འོག་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་Manguluru གྲོང་ཁྱེར་ཉེ་འཁྲིས་སུ་ཆགས་པའི་Nitteགཙུག་ལག་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་རྣམས་ལ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ནང་བོད་ཀྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། བཀའ་བློན་མཆོག་གིས་གསུངས་བཤད་ནང་། བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་ལེན་བྱས་པ་ལས་རང་བཙན་འཐབ་རྩོད་བྱེད་ཀྱི་མེད་པ་ནན་བརྗོད་གནང་ཐོག་རྒྱ་ནག་གཞུང་གི་སྲིད་ཇུས་འོག་བོད་ས་ཡོངས་ལ་རྒྱ་མི་རིགས་འབོར་ཆེན་གནས་སྤོ་བྱེད་བཞིན་ཡོད་པ་བོད་མི་ཚོས་རང་ས་རྩོད་ལེན་བྱེད་པའི་སྐབས་མནར་གཅོད་ཚད་མེད་པ་བཏང་སྟེ་སྨྲ་བརྗོད་ཀྱི་རང་དབང་ཡེ་ནས་མེད་པའི་གནས་སྟངས་ངོ་སྤྲོད་གནང་འདུག བཀའ་བློན་མཆོག་གིས་མུ་མཐུད་གསུངས་པར། བོད་འདི་འཛིན་སྐྱོང་གཅིག་གི་འོག་ཤེས་ཡོན་སློབ་གསོ་དང་། ཆོས་དང་རིག་གཞུང་། བདེ་འཇགས། དེ་བཞིན་ས་གནས་ཀྱི་ཐོན་ཁུངས་སོགས་ལ་བོད་མི་རང་ངོས་ནས་ཐག་གཅོད་བྱ་རྒྱུའི་འགན་དབང་སྤྲོད་དགོས་ལུགས་གསུངས་འདུག

གསར་འགོད་པ་དོན་ གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎