སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་བཞུགས་སྒར་དུ་གནང་རྒྱུ།

སེམས་དང་སྲོག་ཅེས་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་གསུམ་པ་དེ་བཞུགས་སྒར་དུ་ཚུགས་རྒྱུ།

2011.10.15

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སེམས་དང་སྲོག་ཅེས་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་གསུམ་པ་དེ། ཕྱི་ཟླ་ ༡༠ ཚེས་ ༡༧ ནས་བཞུགས་སྒར་རྡ་རམ་ས་ལར་ཚུགས་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི། སྐྱེ་དངོས་གནས་བབས་དང་། མིའི་ཀུན་སྤྱོད་ ཕན་ཚུན་བལྟོས་གྲུབ་བཅས་ཀྱི་གནད་དོན་སྐོར་ཡིན་འདུག་ཅིང་། དཔྱད་ཞིབ་ཚན་རིག་པ་གྲགས་ཅན་དང་། རང་འབྱུང་ཁོར་ཡུག་དང་སྐྱེ་དངོས་གནས་བབས་བདག་གཅེས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན། དེ་བཞིན་ཁོར་ཡུག་ཚན་རིག་པ་སོགས་མཁས་དབང་མི་སྣ་ཚོ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷན་མཇལ་གྱིས་ མི་རྣམས་ཀྱིས་སོ་སོའི་ཀུན་སྤྱོད་འཁྱེར་སྟངས་དང་འདེམས་ཁ་བྱེད་ཕྱོགས་ལ་རྟེན་ནས་རང་འབྱུང་ཁོར་ཡུག་ཐོག་འབྱུང་འབྲས་ཇི་ཆགས་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག།
སེམས་དང་སྲོག་ཞེས་པའི་ནང་པ་དང་ཚན་རིག་མཁས་པའི་དབར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་རྩ་གསུམ་པ་འདིའི་ཐོག་ འགྲོ་བ་མིའི་རིགས་ཀྱིས་གོ་ལའི་ཐོག་སྐྱེ་དངོས་མུ་འཐུད་འཚོ་གནས་ཐད་ཤུགས་རྐྱེན་ཇི་བཟོས་དང་། རང་འབྱུང་ཁོར་ཡུག་དང་ལུས་པོའི་འཕྲོད་བསྟེན་དབར་གྱི་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བའི་སྐོར། ཀུན་སྤྱོད་དང་། ལྟ་གྲུབ། ཆོས་ལུགས་ཀྱི་ཐོག་ནས་རང་འབྱུང་ཁོར་ཡུག་ཐོག་ཤུགས་རྐྱེན་བཟོ་སྟངས་ཐོག་མཁས་པ་ཚོའི་དགོངས་ཚུལ་དང་ཕན་ཚུན་སྦྱངས་བཤད་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎