རྒྱ་ནག་གིས་བོད་ནང་དམག་སྦྱོང་།


2020.07.31
རྒྱ་ནག་གིས་བོད་ནང་དམག་སྦྱོང་སྐབས། ༢༠༡༨ རྒྱ་ནག་གིས་བོད་ནང་དམག་སྦྱོང་སྐབས། ༢༠༡༨
china-defense.blogspot.com

རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་རེས་གཟའ་ཕུར་བུའི་ཉིན་གསར་འགོད་ལྷན་ཚོགས་ལ་གནད་དོན་དེ་གསལ་སྟོན་བྱས་པ་བརྒྱུད། དམག་སྦྱོང་དེ་དག་ནི་རྒྱུན་ལྡན་ལོ་འཁོར་གྱི་སྦྱོང་བརྡར་ཞིག་ཡིན་པ་ལས། རྒྱལ་ཁབ་གཞན་ཞིག་ལ་དམིགས་པའི་དམག་སྦྱོང་ཞིག་མིན་ལུགས་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ Ren Guaoqiang ཟེར་བས་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་རྒྱ་གར་ལ་དྭགས་ཀྱི་ས་མཚམས་ནས་རྒྱ་མིའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་མ་བྱས་པར་གནས་ཡོད་པ་རེད།

རྒྱ་གར་གྱིས་ད་རེས་ཧྥ་རན་སི་ France ནས་ཚད་མཐོའི་གནམ་དམག་གི་གནམ་གྲུ་ཁག་ཅིག་ཉོས་ཏེ་རྒྱ་ནག་ལ་གདོང་ལེན་བྱ་རྒྱུའི་རྣམ་འགྱུར་གསལ་སྟོན་བྱེད་བཞིན་པ་དང་། རྒྱ་གར་གྱི་བདེ་སྲུང་བློན་ཆེན་ Rajnath Singh གིས།  མཁའ་དམག་གི་གནམ་གྲུ་དེ་དག་ནི་རྒྱ་གར་ལ་བདག་དབང་ཡོད་པའི་ས་ཁུལ་ལ་ཉེན་ཚབས་བཟོ་སེམས་འཆང་མཁན་ཚོ་ད་ཆ་བློ་འཚབ་བྱ་དགོས་པ་ཞིག་འགྱུར་ཡོད་པ་གསུངས་ཡོད་པ་རེད།

དེ་བཞིན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་ལ་མ་བདག་བདག་བཟུང་གི་བདག་དབང་ཡོད་ལུགས་བརྗོད་དེ་མཚོ་རྒྱུད་ཀྱི་རྒྱལ་ཁབ་ Philippines, དང་། Brunei, Vietnam, Malaysia, ཐེ་ཝན་དང་བཅས་པའི་བདག་ཐོབ་ལ་རྩོད་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་།  ཨ་རིས་རྒྱ་ནག་ལ་མཚོ་གླིང་དེ་དག་ཐོག་བདག་ཐོབ་མེད་ལུགས་བརྗོད་དེ་མཚོ་རྒྱུད་ལ་རང་གི་དམག་གྲུ་ཆེད་རྫོང་གིས་ལྟ་སྲུང་གི་ནུས་པ་ཆེ་རུ་བཏང་པ། དཔེར་ན་རེས་གཟའ་ཉི་མའི་ཉིན་ཨ་རིའི་མཚོ་འོག་གྲུ་གཟིངས་གཏོར་མཁན་གྱི་གནམ་དམག་གི་གནམ་གྲུ་ཞིག་གིས་བར་སྣང་ལ་སྐོར་བསྐྱོད་ཀྱིས་མཐའ་ན་རྒྱ་ནག་གི་ Shanghai གྲོང་ཁྱེར་གྱི་ཉེ་ཁྲིས་རྒྱང་ཐག་ཀི་ལོ་མི་ཊར་ ༡༠༠ མཚམས་བར་འཕུར་བསྐྱོད་བྱས་ཏེ་ནང་དོན་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎