ལྡི་ལི་རུ་བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ལས་འགུལ།


2014.04.26
ལྡི་ལི་རུ་བོད་དོན་ཞུ་ཏུག་དང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པ། དབུ་མའི་ལམ་གྱི་མི་དམངས་ལས་འགུལ་ཁང་གིས་ལྡི་ལིའི་ནང་བོད་དོན་ཞུ་ཏུག་དང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཇོ་ལེབ་ཆོས་འཕེལ།

༄༅༎དབུ་མའི་ལམ་གྱི་མི་དམངས་ལས་འགུལ་ཁང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་དོན་ཞུ་ཏུག་དང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག་ཅིང་། ཁ་སང་ལྡི་ལིའི་ནང་ཞི་བའི་གོམ་བགྲོད་གནང་སྐབས་དམིགས་བསལ་ཚོགས་པའི་ལངས་ཕྱོགས་དང་དམིགས་ཡུལ་དང་མཐུན་པའི་འབོད་ཚིག་དཔེར་ན་བོད་རྒྱ་གྲོས་མོལ་དགོས་པ་དང་། འཆམ་མཐུན་དགོས། ཆིག་སྒྲིལ་དགོས། རང་སྐྱོང་དགོས་ཞེས་སོགས་སྒྲོགས་པའི་ཐོག་ནས་ནམ་རྒྱུན་བོད་པའི་ལས་འགུལ་སྤེལ་ཡུལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ཞེས་པའི་ས་གནས་སུ་བསྐྱོད་འདུག། དེ་ཕྱོགས་སུ་རྒྱ་གར་གྱི་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བཀའ་སློབ་གསུང་བཤད་གནང་འདུག་པ་མ་ཟད་། རྒྱ་གར་གྱི་ཧིན་དུ་དང་ཡེ་ཤུ་། ཁ་ཆེ་དང་དེ་མིན་གྱི་ཆོས་ལུགས་མི་སྣ་དམིགས་བསལ་ཆེད་ཕེབས་ཀྱིས་པན་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་འཁྲུངས་སྐར་ལ་དྲན་གསོ་དང་སྲུང་བརྩི་ཞུས་འདུག།
དེ་རིང་ཕྱི་ཚེས་ ༢༦ ཉིན་ཇན་ཏར་མན་ཏར་ས་གནས་སུ་མི་དམངས་གསུམ་བརྒྱ་ལྷག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ཅིང་། དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གི་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་ཀྱིས་གསུངས་ན། ཐེངས་འདིའི་ལས་འགུལ་ནང་ས་གནས་མི་འདྲ་བ་གསུམ་བཅུ་སྐོར་ནས་མི་གྲངས་གསུམ་བརྒྱ་སྐོར་དང་དེ་བཞིན་རྒྱལ་ས་ལྡི་ལིའི་ནང་གནས་སྡོད་བོད་མི་ཁག་གཅིག་མཉམ་ཞུགས་བྱས་ཡོད་འདུག་། ཕྱི་ཟླ་ ༤ ཚེས་ ༢༧ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་དབུ་མའི་ལམ་གྱི་ངོ་བོ་དང་སྲིད་བྱུས་སྐོར་ལས་འགུལ་ཐོག་གསུང་བཤད་གནང་འཆར་ཡོད་འདུག་པ་དང་། ཡང་དེ་ཉིན་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་རྒྱ་ནག་གཞུང་ལ་ཕུལ་བའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཡིག་ཆ་དང་འབྲེལ་བའི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག།

 

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎