དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཕྱག་དེབ་འདོན་སྤེལ་གནང་པ།

2025.02.07
དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཕྱག་དེབ་འདོན་སྤེལ་གནང་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་མཇལ་བཅར་ཞུས་པའི་སྐུ་པར། ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན།
FB/@ཤར་ཕྱོགས་ ཁུག་རྟ། (Lobsang Choejor)

དབུ་མའི་ལམ་གྱི་སྲིད་བྱུས་འདི་མང་མོས་ཐག་གཅོད་ཀྱི་བསམ་ཤོག་བསྡུ་ལེན་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་སྟེ་ད་ཆ་བགྲང་བྱ་༢༧ ཙམ་སོང་ཡོད་པ་རེད། འདི་ནི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་འཐབ་རྩོད་གནང་པའི་གཞུང་འབྲེལ་གྱི་ཐབས་ལམ་ཞིག་ཆགས་ཡོད། འཚེ་མེད་ཞི་བ་དང་རིག་གཞུང་སྲུང་སྐྱོབ་ཀྱི་རྩ་དོན་རྒྱུན་སྐྱོང་བྱེད་པའི་སྲིད་བྱུས་འདིར་ད་ལྟ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཁྲོད་དོ་སྣང་དང་གླེང་སློང་བྱེད་ཡུལ་གྱི་གོ་སྐབས་ཐོབ་པ་དང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་འཕྲད་པ་གཉིས་ཀ་བྱུང་ཡོད།
2222.jpg
ཕྱི་ལོ་ ༢༠༡༠ ནས་བཟུང་བོད་རྒྱ་འབྲེལ་མོལ་མཚམས་ཆད་ཡོད་ནའང་། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་འོག་བོད་ཀྱི་གནད་དོན་སེལ་ཐབས་སུ་ཨ་རིས་གཙོས་མང་གཙོའི་རྒྱལ་ཁབ་མང་པོས་ཐབས་ལམ་གལ་ཆེར་གཟིགས་ཏེ་རྒྱལ་སྤྱིའི་ནང་ངོས་ལེན་མུ་མཐུད་ཐོབ་བཞིན་ཡོད། ཐེངས་འདིའི་བཀའ་དྲིའི་ལེ་ཚན་གྱི་ནང་། ཉེ་ལམ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཕྱག་དེབ་རྩོམ་བྲིས་གནང་སྟེ་འདོན་སྤེལ་གནང་མཁན་བོད་མི་མང་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།
111.jpg

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎