མཱར་སེ་ཊི་སྣུམ་འཁོར་བཟོ་ལས་ཁང་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་འདུག


2018.02.07
ཇར་མན་གྱི་(MercedesBenz)་ཞེས་བའི་སྣམ་འཁོར་བཟོ་གྲའི་ཁྱབ་བསྒྲགས་དང་དགོངས་སེལ་ཞུ་ཡིག ༢༠༡༨།༢།༦ ཇར་མན་གྱི་(MercedesBenz)་ཞེས་བའི་སྣམ་འཁོར་བཟོ་གྲའི་ཁྱབ་བསྒྲགས་དང་དགོངས་སེལ་ཞུ་ཡིག ༢༠༡༨།༢།༦
དྲ་བཤུས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཇར་མན་གྱི་(MercedesBenz)་སྣུམ་འཁོར་བཟོ་ལས་ཁང་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་འདུག
ཇར་མན་གྱི་(MercedesBenz)་ཞེས་པའི་སྣུམ་འཁོར་བཟོ་ཚོང་ལས་ཁང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་སྒུར་ཡོད་པ་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྐྱོན་བརྗོད་གནང་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཚེས་༦་ཉིན་སྤྱི་བསྒྲགས་ཞིག་སྤེལ་པའི་ནང་། ཉེ་ཆར་ཇར་མི་ནིའི་སྣུམ་འཁོར་བཟོ་ཚོང་ལས་ཁང་(Mercedes-Benz)་ཞེས་པས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་རང་གི་སྣུམ་འཁོར་སྐོར་ཁྱབ་བསྒྲགས་བྱས་པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱུན་དུ་བཀའ་གནང་བའི་ཨིན་སྐད་ཐོག་‘Look at situation from all angles and you will become more open་འམ་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན་བསམ་བློ་གུ་ཡངས་ཏུ་འགྲོ་གི་རེད། ཕྱོགས་གཅིག་རང་ལ་བལྟས་པ་ཡིན་ན་སྐྱོན་མཐོང་ན་ཡང་ཕྱོགས་ཡོངས་ནས་དཔྱད་ནས་བལྟས་པ་ཡིན་ན་དེ་ཙམ་གྱི་ནོར་འཁྲུལ་ཡིན་པ་མཐོང་གི་མ་རེད་ཅེས་བའི་བཀའ་གནང་བ་དེ་བཞིན་ལུང་འདྲེན་ཞུས་པ་ཡོད་པ་རེད།
རྒྱ་ནག་གི་ངོས་ནས་དྲ་རྒྱ་བརྒྱུད་ནས་དེ་ནི་རྒྱ་ནག་མི་མང་གི་སེམས་ཚོར་ལ་དོ་ཕོག་འགྲོ་གཞི་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་མ་ཐག་(MercedesBenz)་སྣུམ་འཁོར་བཟོ་ཚོང་ལས་ཁང་གིས་རྒྱ་ནག་མི་མང་གིས་བེད་སྤྱོད་ཆེན་པོ་བྱེད་བཞིན་པའི་སྤྱི་ཚོགས་དྲ་ལམ་ཝེ་བྷོ་ཞེས་པའི་ནང་དགོངས་སེལ་ཞུས་ཏེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་ལུང་འདྲེན་ཞུས་པ་དེ་དག་ཕྱིར་འཐེན་བྱས་ཡོད་པ་རེད།
དེ་ནི་དོན་དངོས་སུ་རྒྱ་ནག་གིས་གང་བཤད་ལ་མགོ་བོ་སྒུར་བ་ལྟ་བུ་ཆགས་ཡོད་སྟབས་གནད་དོན་དེའི་ཐོག་ཇར་མན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ (Kai Muller) མཆོག་ནས་སྣུམ་འཁོར་བཟོ་ཚོང་ལས་ཁང་དེས་སྲིད་དབང་གཅིག་བསྡུས་ཀྱི་གཞུང་འཛིན་ལ་མགོ་བོ་མགུར་བའི་བྱ་སྤྱོད་དེ་ནི་ངོ་ཚ་དགོས་པ་ཞིག་རེད་ཅེས་གསུངས་ནས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་རྒྱལ་ཡོངས་ནང་མཚན་སྙན་ཆེན་པོ་ཡོད་སྟབས་(MercedesBenz)་ཡིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཚན་སྙན་ཆེ་བའི་༧གོང་ས་མཆོག་ལ་མཚན་དམས་ཞུས་དུས་༧མགོན་པོ་གང་ཉིད་ཀྱིས་རིན་ཐང་ཆེ་བའི་འཚེ་མེད་ཞི་བ་དང་བྱམས་དང་བརྩེ་བ་གཞན་ལ་གུས་བརྩི་ཞུ་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་བ་ཁག་ལ་ཡང་དམའ་བེབས་ཞུ་ཡི་ཡོད་པ་མཚོན་གྱི་ཡོད་པ་དང་། དེ་ནི་རང་དབང་དང་
མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་ཡིད་ཆེས་བྱེད་མཁན་འཛམ་གླིང་ཁྱོན་ཡོངས་ནང་(MercedesBenz)་སྣུམ་འཁོར་ཉོ་མཁན་ཚོའི་གདོང་ལ་འགྲམ་ལྕག་གཞུས་པ་
དང་གཅིག་མཚུངས་ཡིན་སྐོར་འགྲེལ་བརྗོད་གནང་འདུག
དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་མང་པོར་ཇར་མན་གྱི་(MercedesBenz)་ཞེས་པའི་སྣུམ་འཁོར་བཟོ་ཚོང་ལས་ཁང་གི་བྱེད་སྟངས་ལ་བློ་ཕམ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་བཞིན་པ་རེད།
རྩ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་ལྟ་བུ་ཡིན་པ་རྒྱ་ནག་མི་མང་ཉིན་རེའི་ཚགས་པར་སོགས་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་རིགས་བྱེད་མཁན་བྱུང་ཚེ་རྒྱ་ནག་མི་མང་གི་སེམས་ལ་ཕོག་ཐུག་བཏང་ཚུལ་ཡ་ལན་སློག་གི་ཡོད་
པའི་གནས་ཚུལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎