བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཀྱི་ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་སེལ་ཐབས་སུ་མུ་མཐུད་ནས་མཐུན་འགྱུར་གནང་རྒྱུའི་གྲོས་མཐུན།

2009.11.20

༄༅༎རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཀྱི་ལྷན་ཚོགས་ཐེངས་ལྔ་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་སུ་མུ་མཐུད་ནས་མཐུན་འགྱུར་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

དེ་ཡང་ཨི་དྲ་ལིའི་རྒྱལ་ས་རོམ་ནང་བསྐོངས་ཚོགས་གནང་བའི་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་དེའི་ཐོག་ཨི་དྲ་ལིས་གཙོས་ཡུལ་གྲུ་གང་ས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མི་ཚོ་དང་བོད་མི་མང་སྤྱི་འཐུས་ཁག་ཅིག་གཞན་ཡང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་མིའི་གནད་ཡོད་མི་སྣ་སོགས་ལྷན་ཚོགས་གནང་བའི་སྐབས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་ཚོ་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་འཛམ་གླིང་ཁྱོན་ཡོངས་ནས་གདུང་སེམས་མཉམ་སྐྱེད་ཀྱིས་ད་བར་མཐུན་འགྱུར་ཧ་ཅང་ཟབ་མོ་གནང་བས་མ་ཟད་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཚང་མས་ཐབས་ལམ་གང་དགའ་ཅི་ལེགས་ཀྱིས་གྲོས་བསྡུར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བཀའ་གནང་འདུག ད་རེས་ཨི་དྲ་ལིའི་ལྷོ་ཀྲེ་རོལ་ཁུལ་ཕེབས་པའི་སྐབས་མངའ་ཁུལ་འདི་ནི་ཨི་དྲ་ལིའི་ཁོངས་གཏོགས་གནས་པ་གང་ཞིག་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་པ་ཞིག་འདུག། དེ་ལྟར་རྒྱ་ནག་གི་ངོས་ནས་ཀྱང་རྩ་ཁྲིམས་གཞིར་བཟུང་རང་དབང་ཚད་དང་ལྡན་པ་ཞིག་སྤྲད་པ་ཡིན་ན་གནས་སྟངས་རང་བཞིན་གྱི་བཟང་དུ་འགྲོ་གི་རེད་ཅེས་གསུངས་གནང་ཡོད་འདུག

ཡང་ཨི་དྲ་ལིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ཀྱང་དེ་སྔ་ནང་བཞིན་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་ཆ་ཚང་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་བཅས་ལྷན་ཚོགས་འདིའི་ཐོག་ནས་མུ་མཐུད་ནས་བོད་རྒྱའི་དབར་གྲོས་མོལ་ཡོང་ཐབས་དང་བོད་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་རྒྱུ་བཅས་ཀྱི་གྲོས་མཐུན་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎