ར་ཤི་ཡའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་འདྲི།

རྒྱ་ནག་དང་ར་ཤི་ཡའི་བར་དཔལ་འབྱོར་གྱི་འབྲེལ་ལམ་ཆེ་རུ་གཏོང་རྒྱུ་དང་ཚོང་ལས་དང་ཚོང་འབྲེལ་ལས་དོན་རིམ་པའི་འབྲེལ་ལམ་བཟོ་འཆར།

2010.09.24

༄༅༎ར་ཤི་ཡའི་སྲིད་འཛིན་ཌི་མི་ཀྲི་རི་མེརྡ་ལྦེ་རྡེལྦ་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཐོན་གནང་སྟེ་རྒྱ་ནག་དང་ར་ཤི་ཡའི་བར་དཔལ་འབྱོར་གྱི་འབྲེལ་ལམ་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་ཚོང་ལས་དང་ཚོང་འབྲེལ་ལས་དོན་རིམ་པའི་འབྲེལ་ལམ་བཟོ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་བཞག

དེ་ཡང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གདན་ཞུ་བྱས་པ་ལྟར་ར་ཤི་ཡའི་སྲིད་འཛིན་དང་ལྷན་དུ་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་ཕེབས་རྒྱུ་ཡིན་པ་དང༌། ཉིན་གསུམ་གྱི་འཚམས་འདྲིའི་མཛད་རིམ་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང༌། གྲོང་ཁྱེར་ཧྲང་ཧད། དེ་བཞིན་རྒྱ་ནག་གི་ཤར་ནུབ་མཚོ་ཁའི་ས་ཁུལ་དེ་སྔ་ར་ཤི་ཡའི་མངའ་འོག་ཏུ་གནས་མྱོང་ཡོད་པ་རྡ་ལི་ཡེན་བཅས་ནང་འཚམས་འདྲིར་ཕེབས་རྒྱུ་ཡིན་ཞིང༌། སྲིད་འཛིན་ཌི་མི་ཀྲི་རི་གྱིས་༢༠༠༨ལོར་སྲིད་འཛིན་གྱི་མཛད་འཁུར་བཞེས་པ་ནས་བཟུང་ད་རེས་རྒྱ་ནག་ཏུ་འཚམས་འདྲི་ཐེངས་གཉིས་པ་དེ་ཡིན་པ་རེད།

རྒྱ་ནག་དང་ར་ཤི་ཡའི་འདས་པའི་འབྲེལ་ལམ་ནི། དེ་སྔ་གྲང་དམག་གི་དུས་སྐབས་རིང་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་སྐབས་དེར་ཞི་བདེ་ལྷིང་འཇགས་མེད་པའི་ལོ་རྒྱུས་ཤིག་བྱུང་མྱོང་ཡོད་ཅིང༌། འོན་ཀྱང་ད་ལྟའི་རྒྱ་ནག་དང་ར་ཤི་ཡའི་འབྲེལ་ལམ་གྱི་གནས་བབ་ནི་ཨ་མི་རི་ཀས་རྒྱལ་སྤྱིའི་ནང་དབང་ཤུགས་ཆེན་པོ་བྱེད་པ་དེར་མཉམ་འབྲེལ་གྱིས་གདོང་ལེན་མཁན་ཞིག་དང། ར་ཤི་ཡའི་ཕྱོགས་ནས་རྒྱ་ནག་ནི་ཁོང་ཚོའི་ཐབས་ཇུས་ཀྱི་རོགས་པ་ཡིན་ཞེས་ཤོད་ཀྱི་ཡོད་ཀྱང་དོན་དངོས་ཐོག་ར་ཤི་ཡའི་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་ཉེན་ཁའི་གནས་སྟངས་ལ་ལྟ་ཞིབ་ཟབ་ནན་བྱེད་བཞིན་ཡོད་པར་དེར་ལྟོས་ན། ར་ཤི་ཡ་རྒྱ་ནག་གི་ཐོག་ནས་གནས་བཟོད་མི་བདེ་བ་ཞིག་དང་བློ་བག་མི་བདེ་བའི་གནས་སྟངས་ཤིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པས་གསུང་ན། རྒྱ་ནག་དང་ར་ཤི་ཡའི་བར་འབྲེལ་ལམ་ཡོང་བའི་གཙོ་བོའི་གནད་འགག་ནི། ར་ཤི་ཡས་རྒྱ་ནག་ལ་ནུས་ཤུགས་མཁོ་འདོན་བྱེད་པ་དེ་ནི་ཡུལ་གྲུ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་འབྲེལ་ལམ་གཞི་རྒྱ་ཆེ་ཤོས་ཡིན་པ་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎