འབྲི་ཆུ་གཙང་པོའི་ཁ་ཕྱོགས་བསྒྱུར་རྒྱུའི་ལས་འཆར་ཡོད་པ།

འབྲི་ཆུ་གཙང་པོའི་ཁ་ཕྱོགས་བསྒྱུར་ཏེ་རྒྱ་ནག་བྱང་ཕྱོགས་སུ་ཆུ་འདྲེན་རྒྱུའི་ལས་འཆར་ཡོད་པ་དེས་མི་མང་སུམ་འབུམ་ལྷག་གནས་སྤོ་བྱ་དགོས་པ།

2009.05.24

༄༅༎འབྲི་ཆུ་གཙང་པོའི་ཁ་ཕྱོགས་བསྒྱུར་ཏེ་རྒྱ་ནག་གི་བྱང་ཕྱོགས་སུ་ཆུ་འདྲེན་རྒྱུའི་ལས་འཆར་ཡོད་པ་དེས་ས་ཁུལ་དུ་གནས་པའི་མི་མང་སུམ་འབུམ་སུམ་ཁྲི་ཙམ་གཞིས་སྤོ་བྱ་དགོས་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནས་གསལ་བསྒྲགས་གནང་འདུག

འབྲི་ཆུ་གཙང་པོའི་རྒྱུགས་ཆུ་ནས་ཆུ་མཛོད་ཤིན་ཏུ་ཆེན་པོ་ཞིག་རྒྱབ་རྒྱུ་ཡིན་པ་དང་ཕྱི་ལོ་ཉིས་སྟོང་བཅུ་ལོར་ལས་འཆར་མཇུག་བསྒྲིལ་བྱུང་མཚམས་རྒྱལ་ས་པེ་ཅིང་དུ་འཐུང་ཆུ་འདྲེན་གཏང་བྱ་ཐུབ་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

ཡང་གཙང་ཆུའི་ཁ་ཕྱོགས་བསྒྱུར་ཡུལ་དུ་གནས་སྡོད་བྱེད་མཁན་གྱི་ཡུལ་མི་རྣམས་ས་གནས་གཞན་དུ་གཞིས་སྤོའི་ལས་འཆར་དེ་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་མཇུག་བསྒྲིལ་ཐུབ་ཀྱི་ཡོད་ལུགས་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པ་རེད།

དེ་སྔོན་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་ཆེན་པོ་དེ་བརྒྱབས་སྐབས་མི་མང་བརྒྱད་འབུམ་ལྔ་ཁྲི་ཙམ་གཞིས་སྤོས་བྱས་དགོས་བྱུང་བ་མ་ཟད་ད་དུང་མི་མང་མང་པོ་གཞིས་སྤྲོ་བྱེད་བཞིན་པས་མཐར་གཞིས་སྤོས་བྱས་པའི་མི་མང་གི་སྡོམ་འབོར་ས་ཡ་གཅིག་ལྷག་ཙམ་ཟིན་པའི་མངོན་དཔག་གནང་གི་ཡོད་པ་རེད།

ཡང་འབྲི་ཆུ་གཙང་པོའི་ཁ་ཕྱོགས་བསྒྱུར་དགོས་དོན་ནི་རྒྱ་ནག་གི་ལྷོ་ཕྱོགས་སུ་འབྲི་ཆུ་གཙང་པོ་ཡོད་ཀྱང་བྱང་ཕྱོགས་སུ་གཙང་པོ་མེད་པས་ལོ་ལྟར་ཐན་པ་བསྟན་པའི་དཀའ་ངལ་སེལ་ཐབས་སུ་གཙང་ཆུའི་ཁ་ཕྱོགས་ཏེ་ཆུ་ཡུར་གཏོད་ཀྱི་ཡོད་པ་རེད།

འབྲི་ཆུའི་གཙང་པོ་དེ་བཞིན་བོད་ནས་རྒྱ་ནག་ལ་རྒྱུགས་ཀྱི་ཡོད་ཅིང་འབྲི་ཆུའི་གཙང་པོའི་ཁ་ཕྱོགས་ལྷོ་ནས་བྱང་ཕྱོགས་ལ་བསྒྱུར་བ་མ་ཟད་ཤར་བྱང་གཉིས་ལ་ཡང་ཆུ་ཡུར་མང་པོ་གཏོད་དེ་འཐུང་ཆུ་དང་ཞིང་ཆུའི་ཆེད་གཙང་ཆུ་བེད་སྤྱོད་གཏང་འཆར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎